ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་སོ་སོར་ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཚེས་ལྔ་དང་ཚེས་གསུམ་ཉིན་པེ་ཅིན་ནས་འཚོགས་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་སོ་སོར་ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཚེས་ལྔ་དང་ཚེས་གསུམ་ཉིན་པེ་ཅིན་ནས་འཚོགས་མགོ་རྩོམ་རྒྱུ་རེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཚེས་གསུམ་ཉིན་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་སྐབས་དེར་བཅར་འདྲིར་ཡོང་བར་དགའ་བསུ་ཞུ་བ་ཁྱབ་སྒྲོག་བྱས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བས་པེ་ཅིན་གྲོང་ཁྱེར་ཧྥུའུ་ཞིན་ལམ་གྱི་མེ་ཏིས་ཡ་ལྟེ་གནས་སུ་གསར་འགྱུར་ལྟེ་གནས་བཙུགས་ཏེ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་གྲོས་ཚོགས་གཉིས་ལ་བཅར་འདྲི་བྱེད་པར་སྣེ་ལེན་དང་བཀོད་སྒྲིག་བྱེད་རྒྱུ་རེད། གསར་འགྱུར་ལྟེ་གནས་ཀྱིས་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་ནས་བཟུང་དངོས་སུ་བྱ་བ་བསྒྲུབ་རྒྱུ་རེད།

གསར་འགོད་པས་མིང་ཐོ་འགོད་པའི་དུས་ཡུན་ནི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་བར་ལ། གསར་འགོད་པས་བཅར་འདྲི་བྱེད་པར་སྟབས་བདེ་བཟོ་ཆེད། གྲོས་ཚོགས་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་ནས་དུས་ཐོག་ཏུ་བཅར་འདྲིའི་ཆ་འཕྲིན་དང་བཅར་འདྲིའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།