ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དགུ་བཅུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དགུ་བཅུ་བ་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཆོ་ཞོ་ཡང་གིས་ཕུལ་བའི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གསུམ་བྱས་པའི་བཟོ་བཅོས་བསམ་འཆར་སྐོར་གྱི་ཡར་ཞུ་དང་ཁེ་ལས་ཐོབ་ཁྲལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཝང་ཁྲིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་འཆར་ཟིན་དང་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་དང་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ། ཞུའུ་ཞན་མེན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་ཁུར་བའི་རེ་ཞུ་དང་ལེན་བྱས་པའི་ཆོད་དོན་འཆར་ཟིན་ཚབ་བྱེད་མ་ཡིག་སྐོར་གྱི་ཡར་ཞུ་སོགས་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་ཐག་བཅད་པ་ལྟར་ན། གོང་གི་གྲོས་གཞི་དང་འཆར་ཟིན་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་ཞིབ་དང་བཟོ་བཅོས་བྱས་རྗེས། ཨུ་ཡོན་ཀྲང་གྲོས་ཚོགས་གོ་གཅིག་པར་སྤྲད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་གྲོལ་བའི་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པར་སྤྲོད་མིན་ཐག་གཅོད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།