ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཧྲིལ་བོའི་ཁྲིམས་འཛུགས་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཧྲིལ་བོའི་ཁྲིམས་འཛུགས་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས། ལོ་གཅིག་གི་ནང་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཁྲིམས་འཛུགས་སྤུས་ཚད་ཇེ་ཆེར་བཏང་བ་དང་ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལག་བསྟར་བྱས།

ཉིས་སྟོང་བཅུ་དྲུག་ལོར་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགེ་སྒྲུབ་བཅའ་ཁྲིམས་དང་དྲ་རྒྱ་བདེ་འཇགས་བཅའ་ཁྲིམས། སྤྱི་ཐུན་རིག་གནས་ཞབས་ཕྱིའི་འགན་སྲུང་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཏན་འཁེལ་བྱས་པར་མ་ཟད། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས། དམངས་སྒྲུབ་སློབ་གསོའི་ཡར་སྐུལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཉེར་བཞི་ལ་བཟོ་བཅོས་བྱས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཞི་ཡི་འགྲེལ་བཤད་ལ་གྲོས་འཆམ་བྱུང་བ་དང་ཁྲིམས་འཛུགས་བྱ་བའི་ཐད་ནས་རྒྱུན་མཐུད་རང་བཞིན་གྱི་གྲུབ་འབྲས་གསར་བ་ཐོབ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།