ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་སེང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཀྲང་ཀྲི་ཞན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡.jpg

ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་སེང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཀྲང་ཀྲི་ཞན་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གོ་དང་སེང་ཀ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་སུའུ་ཀྲིག་བཟོ་ལས་ས་ཁུལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ། ཐེན་ཅིན་སྐྱེ་ཁམས་མཁར་གྲོང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དགུ་བ། ཀྲུང་གོ་དང་སེང་ཀ་ཕོར་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་དྲ་རྒྱའི་དཔེ་སྟོན་ལས་གཞིའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་བཅས་ལ་མཉམ་དུ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་སེང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཀྲང་ཀྲི་ཞན་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གོ་དང་སེང་ཀ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་སུའུ་ཀྲིག་བཟོ་ལས་ས་ཁུལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ། ཐེན་ཅིན་སྐྱེ་ཁམས་མཁར་གྲོང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དགུ་བ། ཀྲུང་གོ་དང་སེང་ཀ་ཕོར་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་དྲ་རྒྱའི་དཔེ་སྟོན་ལས་གཞིའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་བཅས་ལ་མཉམ་དུ་མགོ་འཛིན་མཛད།

མཇལ་འཕྲད་གནང་སྐབས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སེང་ཀ་ཕོར་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། སེང་ཀ་ཕོར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་ཞིང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁེ་ཕན་སྦྲེལ་ཐག་ཇེ་དམ་དུ་གཏོང་བར་མ་ཟད་དམངས་སེམས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲང་ཀྲི་ཞན་གྱིས་བཤད་རྒྱུར། སེང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བ་དམ་ཞིང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེ། སུའུ་ཀྲིག་བཟོ་ལས་ས་ཁུལ་དང་ཐེན་ཅིན་སྐྱེ་ཁམས་མཁར་གྲོང་། དེ་མིན་ཀྲུང་གོ་དང་སེང་ཀ་ཕོར་མཉམ་འབྲེལ་དྲ་རྒྱའི་ལས་གཞི་བཅས་ལས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་རྒྱ་ཆེ་བ་མཚོན་ཡོད། སེང་ཀ་ཕོར་ཕྱོགས་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཞུགས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉིན་དེར་ཀྲང་ཀའོ་ལིས་དང་ཀྲང་ཀྲི་ཞན་རྣམ་གཉིས་ཀྱིས་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་བཞི་ལ་མགོ་འཛིན་མཛད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་གནས་ཚུལ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཤིང་། དཔལ་འབྱོར་ཚུལ་སྒྱུར་དང་དངུལ་ལོར་མཉམ་ལས། མི་གཞུང་བརྗེ་རེས། བཟོད་སྒོམ་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་བཏོན། ཚོགས་ཐོག་ནས་སུའུ་ཀྲིག་བཟོ་ལས་ས་ཁུལ་དང་ཐེན་ཅིན་སྐྱེ་ཁམས་མཁར་གྲོང་། ཀྲུང་གོ་དང་སེང་ཀ་ཕོར་མཉམ་འབྲེལ་དྲ་རྒྱའི་ལས་གཞིའི་སྲིད་གཞུང་གསུམ་བར་གྱི་མཉམ་ལས་ལས་གཞི་འཕེལ་རྒྱས་སུ་སོང་བར་ཁས་ལེན་གང་ལེགས་བྱས་ཤིང་། དུས་སྐབས་རྗེས་མའི་མཉམ་ལས་ཁ་ཕྱོགས་དང་གནད་ས་གཏན་འཁེལ་གསལ་བོ་བྱས་པ་དང་གོ་རིམ་རྗེས་མའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་བཏོན།

གྲོས་ཚོགས་གྲོལ་རྗེས། ཀྲང་ཀའོ་ལིས་དང་ཀྲང་ཀྲི་ཞན་རྣམ་གཉིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་དང་ཤེས་བྱའི་ཐོན་དབང་། ཆ་འཕྲིན་འཕྲིན་གཏོང་། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།