ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«གནས་བབ་གསར་བའི་འོག་ཏུ་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«གནས་བབ་གསར་བའི་འོག་ཏུ་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

«བསམ་འཆར»ལས་བསྟན་དོན། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དེ་ཇི་ལྟ་བུའི་སློབ་ཆེན་སྒྲུབ་པ་དང་ཇི་ལྟར་སློབ་ཆེན་སྒྲུབ་པའི་རྩ་བའི་གནད་དོན་དང་འབྲེལ་བ་ཡོད་ལ། ཏང་གིས་མཐོ་རིམ་སློབ་གྲྭར་མགོ་ཁྲིད་པར་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་རྒྱུན་འཛིན་མཁན་ཡོད་པ་དང་འབྲེལ་བ་ཡོད་པས། དེ་ནི་ཆབ་སྲིད་ཀྱི་ལས་འགན་དང་འཐབ་ཇུས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ཟེར།

«བསམ་འཆར»ལས་བསྟན་དོན། མཐོ་རིམ་སློབ་གྲྭའི་ཏང་གི་མགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། མཐོ་རིམ་སློབ་གྲྭ་དཀྱུས་མའི་ཏང་ཨུའི་མགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁུར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་ཏང་ཨུ་ཡིས་སློབ་གྲྭ་རང་གི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་དགོས་ལ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་སློབ་སྒྲུབ་སློབ་སྐྱོང་གི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ནས་མགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།