ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་དྲུག་བརྒྱ་དང་དོན་ལྔའི་སྟེང་མིང་བཀོད་དེ། «དབང་བོ་སྐྱོན་ཅན་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ནད་གསོ་སྲོལ་ཡིག»ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་དྲུག་བརྒྱ་དང་དོན་ལྔའི་སྟེང་མིང་བཀོད་དེ། «དབང་བོ་སྐྱོན་ཅན་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ནད་གསོ་སྲོལ་ཡིག»ཁྱབ་སྒྲོག་བྱས་པ་དང་ལམ་ལུགས་ཀྱི་ངོས་ཐད་ནས་རང་རྒྱལ་གྱི་དབང་བོ་སྐྱོན་ཅན་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ནད་གསོ་ལས་དོན་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་བཀོད་སྒྲིག་བྱས་ཡོད། «སྲོལ་ཡིག»ལ་བསྡོམས་པས་ལེའུ་དྲུག་དང་དོན་ཚན་སོ་དྲུག་ཡོད་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།