ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཕོ་ལན་གྱི་མགྲོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1120545643_14883260332531n.jpg

ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕོ་ལན་གྱི་གྲོས་ཞུགས་དཔོན་པོ་གཞོན་པ་ཁྲེ་ལེ་དབྱི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕོ་ལན་གྱི་གྲོས་ཞུགས་དཔོན་པོ་གཞོན་པ་ཁྲེ་ལེ་དབྱི་ལ་མཇལ་འཕྲད་གནང་། ཀྲང་ཏི་ཅང་གིས་གསུང་རྒྱུར། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཁའི་ངང་ཕོ་ལན་རྒྱལ་ཁབ་ལ་འཚམས་འདྲི་མཛད་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་བཏང་པས། ཀྲུང་གོ་དང་ཕོ་ལན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པར་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད། ཕོ་ལན་ནི་ཡོ་རོབ་གླིང་ཁོངས་གཏོགས་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་མཉམ་ལས་སོགས་ཕྱོགས་ནས་མུ་མཐུད་དུ་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཕོ་ལན་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་དངོས་འབེབ་བྱེད་པར་དམ་དུ་དམིགས་པ་དང་། ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་ཞེས་པའི་འོས་འགན་གལ་ཆེན་འདི་མཉམ་དུ་ལག་བསྟར་བྱས་ཏེ། ཡིད་ཆེས་ལ་ཡར་སྐུལ་དང་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ། ཁྲིམས་ལུགས་ཀྱི་འགན་སྲུང་འཐུས་ཚང་དུ་བཏང་ནས་མི་དམངས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ཁྲེ་ལེ་དབྱི་ཡིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཕོ་ལན་གྱི་འཕེལ་རྒྱས་ཕྱོགས་ལ་གོ་སྐབས་མང་པོ་བསྐྲུན་ཡོད་པ་དང་། ཕོ་ལན་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བ་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

ཝང་ཀྲིན་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།