ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་བསྡུས།

ཡོང་ཁུངས། : 选择信息来源     སྤེལ་དུས། : 2017-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བས་ཟླ་གསུམ་པའི་ཚེས་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཚོགས་འདུའི་མགྲིན་ཚབ་པ་ཧྥུའུ་དབྱིན་གྱིས་གྲོས་ཚོགས་ཀྱི་གྲོས་རིམ་སོགས་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

1.jpg

ཧྥུའུ་དབྱིན་གྱིས་ངོ་སྤྲོད་བྱེད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར་ཚོགས་མགོ་རྩོམ་རྒྱུ་ཡིན་པ་དང་། ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་གྲོལ་རྒྱུ་ཡིན་ལ། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བཅུ་གཅིག་ཡོད། རྒྱུན་ལྡན་གྱི་གྲོས་ཞིབ་བྱེད་དགོས་པའི་སྲིད་གཞུང་བྱ་བའི་སྙན་ཞུ་སོགས་སྙན་ཞུ་དྲུག་པོ་ལས་གཞན། ད་དུང་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་འཆར་ཟིན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་འདེམ་བསྐོ་སྐོར་གྱི་གྲོས་གཞི་གསུམ་ལ་གྲོས་ཞིབ་བྱེད་དགོས་ཟེར།

2.jpg

ཧྥུའུ་དབྱིན་གྱིས་ཐོག་མར་མི་འགྱང་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཡིན་པའི་དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

དམངས་དོན་ཐད་ཀྱི་འགྲོ་གྲོན་གནད་དོན་ལ་ལན་འདེབས་སྐབས། ཧྥུའུ་དབྱིན་གྱིས་བཤད་རྒྱུར། 2017ལོར་ཀྲུང་གོའི་རྒྱལ་སྲུང་ཐད་ཀྱི་གྲོན་དངུལ་ཁ་སྣོན་བྱེད་ཚད་ནི་བརྒྱ་ཆའི་བདུན་ཡས་མས་ཡིན་པ་དང་། ང་ཚོས་རྒྱལ་སྲུང་ཐད་ཀྱི་གྲོན་དངུལ་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་གྲངས་ཁྲོད་བརྒྱ་ཆའི་གཅིག་དང་གྲངས་ཆུང་གསུམ་ཡས་མས་ཟིན་ལ། ལོ་འདི་འགའི་རིང་ལ་ཆུ་ཚད་དེ་རྒྱུན་འཁྱོངས་བྱས་ཡོད་ཟེར།

3.jpg

མིག་སྔའི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བའི་ལྟ་ཚུལ་ཐད་ནས་ལན་འདེབས་སྐབས། ཧྥུའུ་དབྱིན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀ་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཛམ་གླིང་ཧྲིལ་བོར་ཤན་ཤུགས་ཐེབས་ཐུབ། ཨ་མེ་རི་ཁའི་སྲིད་ཇུས་ལེགས་སྒྲིག་ཐད་ནས་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་ཤུགས་རྐྱེན་ལྡན་པ་དང་། དེས་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཤན་ཤུགས་ཐེབས་ངེས། ཚང་མས་ཤན་ཤུགས་དེ་ནི་དྲང་ཕྱོགས་དང་བཟང་ཕྱོགས་ཀྱི་ཤན་ཤུགས་ཡིན་པའི་རེ་བ་བཅངས་ཡོད་པ་དང་། གལ་ཏེ་འགྲན་རྩོད་ལྡན་ན། ཀྲུང་གོས་ཀྱང་སྣང་དག་མེད་པར་འགྲན་རྩོད་གདོང་གིས་བསུ་ངེས་ཟེར།

དེ་ལས་གཞན་ཧྥུའུ་དབྱིན་གྱིས་ས་ཁང་བདག་ཁོངས་ཐད་ཀྱི་དཔྱ་ཁྲལ་སོགས་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ཡང་ལན་བཏབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།