ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ཏུ་ཀྲང་ཏི་ཅང་གིས་ཨུ་ཡོན་ཚོའི་གཏམ་བཤད་ལ་ཉན། ཀྲང་ཏ་ཅང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། རྒྱལ་སྤྱིའི་གོ་གནས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བྱས། ཞང་ཀང་དང་ཨོ་མིན་གཉིས་ཀྱང་གོང་འཕེལ་དུ་སོང་ཡོད་ཟེར། 

ཀྲང་ཏི་ཅང་གིས་བསྟན་དོན། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་སྲུང་འཛིན་བྱེད་པ་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་བྱེད་པའི་རྩ་བའི་དམིགས་འབེན་ཡིན་པས། ཞང་ཀང་དང་ཨོ་མིན་གྱི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་གཅིག་གི་ངོ་བོ་གཏན་སྲུང་བྱེད་པ་དང་། ལམ་ལུགས་གཉིས་བཀོལ་སྤྱོད་བཟང་བོ་བྱེད་པ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་བསྒྲུབ་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཞང་ཀང་དང་ཨོ་མིན་གྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱེད་པ་བཅས་བྱས་ན། ཞང་ཀང་དང་ཨོ་མིན་གཉིས་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་པ་ཁོ་ཐག་ཡིན་ཟེར། ཀྲང་ཏི་ཅང་གིས་ད་དུང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོའི་འདེམ་བསྐོ་བྱ་བ་ཁྲིམས་ལྟར་དང་སྒྲིག་ལམ་ཡོད་པའི་སྒོ་ནས་སྤེལ་བ་དང་། བདེ་བླག་ངང་རྒྱལ་ཁབ་ལ་དགའ་བ་དང་ཞང་ཀང་ལ་དགའ་བ། ཀྲུང་དབྱང་གིས་ཡིད་རྟོན་བྱེད་ཆོག་པ། དོ་དམ་དང་བཅོས་སྐྱོང་གི་ནུས་པ་ལྡན་པ། ཞང་ཀང་གི་མིས་བརྩི་འཇོག་བྱེད་པའི་སྲིད་འཛིན་དཔོན་པ་འདེམ་པ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་ཁྲིམས་འཛུགས་ཚོགས་པའི་འདེམ་བསྐོ་ལེགས་འགྲུབ་ཡོང་བའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།