ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平参加上海代表团审议.jpg

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཧྲང་ཧེ་འཐུས་ཚབ་ཚོགས་པའི་ཡན་ཡུང་དང་ལིས་ལིན། ཅིན་ཧྥུན་སོགས་འཐུས་མི་བདུན་གྱིས་ཧྲང་ཧེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་ཚན་ཞིབ་མི་སྣས་གསར་སྐྲུན་གསོན་ཤུགས་འདོན་པ། རྒྱ་མཚོའི་ལས་རིགས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། ཞིང་སྡེའི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་བྱེད་པ། སློབ་གསོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བཏོན་པ་དང་། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ཀྱིས་བཏོན་པའི་བསམ་འཆར་ལ་ནན་ཏན་སྒོས་ཉན་རྗེས་གསུང་བཤད་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུ་ལ་མཐའ་གཅིག་ཏུ་གཟེངས་བསྟོད་བྱས་པར་མ་ཟད། ལོ་གཅིག་གི་རིང་ལ་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། རྒྱལ་ནང་གི་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུགས་ཅུང་ཆེ་ནའང་། ང་ཚོས་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་དངོས་འབེབས་བྱས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱས་ཤིང་། ཁྱོན་ཡོངས་བཞི་ཡི་ཇུས་ཆོད་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་བཟང་བོ་ཞིག་ཚུགས་པ་མངོན་འགྱུར་བྱས་པ་ནན་གྱིས་གསུངས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ནམ་ཡང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་དགོས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས། གཟབ་ནན་ཡིན་པའི་རེ་བ་དེ་ཏང་གི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོ་རུ་དངོས་འབེབས་བྱས་ཏེ། རྒྱུན་འཁྱོངས་ཁྲོད་ནས་ཟབ་སྤེལ་བྱེད་པ་དང་ཟབ་སྤེལ་ཁྲོད་ནས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པ་དེ་གཏིང་ཟབ་ཏུ་སྤེལ་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལྟ་རྟོག་འགན་འཁྲི་དང་ལེན་བྱེད་པ་དང་། མགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཕྲག་ཏུ་འཁུར་བར་ལྟ་རྟོག་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་རྟོག་བྱ་བར་ཤུགས་སྣོན་པའི་ལས་འགན་སྣ་ཚོགས་ཕྱོགས་ཀུན་ཏུ་དངོས་འབེབས་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པ་ལག་བསྟར་བྱེད་སྐབས། ངེས་པར་དུ་གཞི་རིམ་དམ་འཛིན་དང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་ནས། གཞི་རིམ་ཏང་རྩ་འཛུགས་རེ་རེ་དེ་སྟོབས་ལྡན་འཐབ་འཛིང་གི་མཁར་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།