ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强参加山东代表团审议.jpg

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧྲན་ཏུང་འཐུས་ཚབ་ཚོགས་པར་ཕེབས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་གཏམ་བཤད་པ་དང་ལིས་ཁི་ཆང་གིས་གཏམ་བཤད་ལ་ཉན་ཞོར་དུ་ཟིན་ཐོ་བཀོད་པར་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧྲན་ཏུང་འཐུས་ཚབ་ཚོགས་པར་ཕེབས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་གཏམ་བཤད་པ་དང་ལིས་ཁི་ཆང་གིས་གཏམ་བཤད་ལ་ཉན་ཞོར་དུ་ཟིན་ཐོ་བཀོད་པར་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས། ཁོང་གིས་གསུངས་རྒྱུར། ན་ནིང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ང་ཚོས་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས་ཐོབ་དཀའ་བའི་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད་ད་ལོའི་འཕེལ་རྒྱས་ཐད་ལ་རྨང་གཞི་བཟང་པོ་བཏིངས་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། འཕེལ་རྒྱས་གྲུབ་འབྲས་དེ་དམངས་ཚིས་ཐད་ནས་མཚོན་པར་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་སྒོས་ལས་ཞུགས་ཇེ་མང་དུ་བཏང་སྟེ་སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། ཁོར་ཡུག་སྲུང་སྐྱོབ་སོགས་དམངས་ཚིས་དོན་དངོས་དམ་འཛིན་བྱས་ནས། མང་ཚོགས་ལ་འཚོ་བར་འགྱུར་ལྡོག་གསར་བ་བྱུང་བའི་ཚོར་སྣང་སྐྱེས་སུ་འཇུག་དགོས། ཞིང་སྡེ་ཡི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་ནས། ཞིང་བའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྤུས་ཚད་ལེགས་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཧྲན་ཏུང་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིམ་འཕར་ལག་བསྟར་བྱེད་པ། དམངས་ཚིས་ལེགས་བཅོས་བྱེད་པ་སོགས་ཀུན་གྱི་མདུན་གྲས་སུ་སྐྱོད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།