ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

    སྤེལ་དུས། : 2017-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

41c4b278ca1e35bd72c2ee2adc7a8b0c.jpg

ཟླ3པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཉིན་དེ་ནི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཉིན་མོ་ཡིན་པས། ཞི་ཅིན་ཕེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས། འདི་ནི་ཞི་ཅིན་ཕེན་གྱིས་བུད་མེད་འཐུས་མི་དང་མཉམ་དུ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད། 

da650bc22316b29b3d7b33e48d54215d.jpg

ཟླ3པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

2e911ced01fd2db043e383668e7b841b.jpg

ཟླ3པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

32a7cb994ab3e630f97c8f1192337f4e.jpg

ཟླ3པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

9e1cadd893e3dd0c8cd01732425efc99.jpg

ཟླ3པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

86e43006c9273707cd3906837ab06c5f.jpg

ཟླ3པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས། 

ཉིན་དེ་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པས། ཞི་ཅིན་ཕེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས།

ཞི་ཅིན་ཕེན་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་གྱིས་ཉན་པ་དང་ཟིན་ཐོ་བཀོད་པ་མ་ཟད། སྐབས་སྐབས་སུ་གནས་ཚུལ་དྲིས་ནས་ཚང་མ་དང་མཉམ་དུ་གྲོས་སྡུར་མཛད་པ་དང་། མཇུག་མཐར་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་སི་ཁྲོན་གྱི་ལོ་གཅིག་རིང་གི་བྱས་བར་ཁས་ལེན་མཛད་རྗེས་ནན་གྱིས་བསྟན་དོན། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བ་བློ་བརྟན་འགྱུར་མེད་སྒོས་སྤེལ་བ་དང་། གསར་སྐྲུན་གསར་གཏོད་གཟབ་ནན་སྒོས་སྤེལ་བ། དག་གཙང་གི་ཆབ་སྲིད་སྐྱེ་ཁམས་སྐྲུན་པ་བཅས་བྱས་ཏེ། འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་བཟང་པོར་སྒྲུབ་དགོས་ཟེར། ཞི་ཅིན་ཕེན་གྱིས་བསྟན་དོན། ཞིང་ལས་ལ་མཐོང་ཆེན་བྱེད་པ་དང་ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་ནི། ནམ་ཡིན་རུང་རྒྱལ་བརྟན་དམངས་བདེའི་ལས་དོན་གཙོ་བོ་ཡིན། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བར་སླེབས་ཡོད་པ་དང་། ཞིང་ལས་ཀྱི་འགལ་བ་གཙོ་བོ་དེ་སྤྱི་གྲངས་ཀྱིས་མི་འདང་བ་ནས་སྒྲིག་གཞི་རང་བཞིན་གྱི་འགལ་བར་གྱུར་ཡོད་ལ། འགལ་བའི་ཕྱོགས་གཙོ་བོ་ནི་འདོན་སྤྲོད་ཀྱི་ཕྱོགས་སུ་གནས་ཡོད་པས། ངེས་པར་དུ་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་མྱུར་དུ་གསོ་སྐྱོང་བྱས་ཏེ། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་སྐྲུན་དགོས། ཁྲོམ་རའི་དགོས་མཁོའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་འདོན་སྤྲོད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། རྒྱུན་སྲིང་འཕེལ་རྒྱས་ལ་གཙིགས་འཛིན་བྱེད་པ། ལྗང་མདོག་དང་སྐྱེ་ལྡན། གནོད་མེད་བཅས་ཀྱི་ཞིང་ལས་ཐོན་རྫས་འདོན་སྤྲོད་བྱེད་པར་ཤུགས་སྣོན་པ། རྒྱུ་རྐྱེན་ཚང་བའི་ཐོན་སྐྱེད་བྱེད་ཚད་མཐོར་འདེགས་སུ་གཏོང་བ། ཞིང་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་ཇེ་ལེགས་སུ་བཏང་ནས། ཞིང་ལས་དང་ཞིང་སྡེའི་བཅོས་སྒྱུར་གྱི་ཕྱོགས་བསྡུས་ཕན་འབྲས་གྲུབ་པར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་དུ་བསྒྱུར་ནས། རང་ས་ཆ་ནས་ཞིང་ལས་ལ་དགའ་བ་དང་ལག་རྩལ་ཤེས་པ། བདག་གཉེར་ལ་མཁས་པ་བཅས་ཀྱི་ལས་རིགས་ཞིང་པ་སྐྱེད་སྲིང་བྱེད་དགོས་ཟེར། ཞི་ཅིན་ཕེན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས་ད་ལྟའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་པོ་ཡོད་ཚད་དབུལ་ཕོངས་ལས་ཐར་བར་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་དབུལ་ཐར་བྱེད་དུ་འཇུག་པ་ནི། ང་ཚོའི་ཏང་གིས་བཞག་པའི་དམ་བཅའ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྒྲུབ་ཀྱིན་སྒྲུབ་ཀྱིན་དང་དཀའ་ངལ་ཡང་ཇེ་ཆེ་ནས་ཇེ་ཆེ་ཡིན་པས། ལས་འགན་དངོས་འབེབས་དང་གནད་འཁེལ་ཇུས་བསྟར། བྱ་བ་ཞིབ་སྒྲུབ་བཅས་བྱེད་དགོས་ཟེར། ཞི་ཅིན་ཕེན་གྱིས་བསྟན་དོན། ཆབ་སྲིད་སྐྱེ་ཁམས་ནི་ང་ཚོས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པར་ནུས་ཤུགས་ཡོད་མེད་ལ་ཚད་འཇལ་བྱེད་གལ་ཆེན་ཞིག་ཡིན་ལ། དག་གཙང་གི་ཆབ་སྲིད་སྐྱེ་ཁམས་སྐྲུན་རྒྱུ་ནི་ཡུན་རིང་གི་བྱ་བ་ཞིག་ཡིན་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྦྲེལ་ནས། ཏང་ཡོན་དང་ལས་བྱེད་པས་ཕུགས་བསམ་དང་ཡིད་རྟོན་ལ་འགྱུར་བ་མེད་པར་འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་། རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་གི་ཚད་མཐོའི་གཅིག་གྱུར་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྟན་སྲུང་བྱེད་པ་བཅས་བྱས་ཏེ། ལངས་ཕྱོགས་གསལ་པོས་བདེན་ལུགས་རྒྱུན་འཁྱོངས་བྱེད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པར་སློབ་གསོ་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་དང་ལས་བྱེད་པས་སྣེ་ཁྲིད་དེ་ཚད་གཞི་དང་སྲོལ་ཡིག་ལག་བསྟར་བྱས་ཏེ། དབང་ཆ་བཟང་པོར་བཀོལ་བ་དང་། སྤྱོད་གཙང་རྒྱུན་འཁྱོངས་བྱེད་པ། དགེ་སྤེལ་སྐྱོན་སྤོང་། བཟང་སྐྱོར་ངན་འཇོམས་བཅས་བྱས་ཏེ་རང་རྟོགས་ཀྱིས་དག་གཙང་གི་ཆབ་སྲིད་སྐྱེ་ཁམས་སྐྲུན་པར་འགན་ནུས་འདོན་སྤེལ་བྱེད་པ་དང་བྱས་རྗེས་འབུལ་དགོས་ཟེར།

ལིས་ཁི་ཆང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་འཐུས་མི་རྣམས་ཀྱིས་གཏམ་བཤད་པར་ཉན་པ་མ་ཟད་ཚང་མ་དང་མཉམ་དུ་གྲོས་སྡུར་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀོང་ཞིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། གྲུབ་འབྲས་ལ་ཁས་ལེན་བྱེད་རིན་ཡོད། ད་ལོའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་བས། ཀོང་ཞི་ཡིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་དམ་བཅའ་མངོན་འགྱུར་བྱེད་དགོས་པ་དང་། ལྷག་པར་དུ་དབུལ་ཕོངས་ས་ཁུལ་དང་གསར་བརྗེའི་གནས་རྙིང་། མི་རིགས་མཐའ་མཚམས་ས་ཁུལ་བཅས་མྱུར་དུ་དབུལ་ཐར་ཡོང་བར་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་བསྡུ་དབང་གཏོང་དང་འཛིན་གཏོང་ཟུང་སྦྲེལ་ཟབ་སྤེལ་བྱེད་པ། ཞབས་ཞུའི་བཅོས་སྒྱུར་ལེགས་སྒྱུར་དང་ཁེ་ཕན་དང་འབྲེལ་བར་ཕོག་ཐུག་གཏོང་ཕོད་པར་བྱས་ཏེ། སྲིད་གཞུང་གིས་འཛིན་མི་འོས་པའི་དབང་ཆ་མཐའ་གཅིག་ཏུ་མར་གཏོང་བ་དང་། དོ་དམ་བྱེད་དགོས་པའི་དོན་དག་ལ་དོ་དམ་བཟང་པོ་བྱས་ནས། སྔར་ལས་རང་འགུལ་གྱིས་ཁེ་ལས་ལ་ཞབས་འདེགས་ཞུ་དགོས། མཚོ་འགྲམ་དང་མཐའ་མཚམས་ས་ཁུལ་གྱི་དམིགས་བསལ་གྱི་གོ་གནས་དང་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། བཅོས་སྒྱུར་རྒྱ་བསྐྱེད་པའི་ཁྲོད་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལ་ཧུར་ཐག་གིས་ཞུགས་ནས། ཁྱད་སྟོབས་གསར་བ་སྐྱེད་སྲིང་བྱེད་དགོས། གསར་སྐྲུན་སྐུལ་འདེད་ལ་རྐང་འཛུགས་པ་དང་། སྒུལ་ནུས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱེད་པ། དམངས་ཀྱིས་གསར་སྐྲུན་བྱེད་པ་དང་ཀུན་གྱིས་བྱ་གཞག་སྐྲུན་པའི་སྦས་ཤུགས་གསར་པ་བཟང་པོར་བཏོན་ནས། སྒུལ་ནུས་གསར་བ་བསྐྱེད་པ་དང་སྲོལ་རྒྱུན་སྒུལ་ནུས་བསྒྱུར་བཀོད་བྱས་ཏེ། དངོས་ཕུང་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་ཡར་སྐུལ་བྱེད་དགོས་ཟེར།

ཀྲང་ཏི་ཅང་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཁྲིད་པའི་འདུ་ཤེས་དང་སྒྲིག་སྲོལ། བྱེད་ཐབས་བཅས་གསར་སྐྲུན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་། ང་ཚོས་བསམ་བློ་དང་སྦྱོར་བ་ཏང་ཀྲུང་དབྱང་གི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་ལེན་དང་། ཤུགས་ཆེན་པོས་དཔལ་འབྱོར་བཅོས་སྒྱུར་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ། བཅོས་སྒྱུར་གྱི་ཐབས་ལ་བརྟེན་ནས་སྒྲིག་གཞི་ལེགས་སྒྱུར་ལ་ཡར་སྐུལ་བྱེད་པ། གསར་སྐྲུན་གྱི་བགྲོད་ལམ་སྤྱད་དེ་ཚུལ་བསྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་དེ་དགོས་མཁོའི་འགྱུར་ལྡོག་ལ་འཚམ་ཚད་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྟན་པོར་བཅངས་ཏེ། མི་དམངས་ལ་ཁེ་ཕན་གཉེར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་བྱ་བ་སྣ་ཚོགས་དངོས་སུ་བཟང་པོར་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་འོས་འཚམ་གྱིས་ཐག་གཅོད་བཟང་པོ་བྱེད་པ་བཅས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཟེར། ཀྲང་ཏི་ཅང་གིས་ཧེ་ལུང་ཅང་གི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། ཧེ་ལུང་ཅང་གིས་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་གདོང་གིས་བསུས་ནས་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བའི་བགྲོད་ལམ་གསར་བ་སྐྱོད་དགོས་པའི་ཐུགས་རེ་བཏོན།

ཡུས་ཀྲིན་ཧྲིན་མཚོ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཡུས་ཀྲིན་ཧྲིན་གྱིས་ཧེ་ནན་ཞིང་ཆེན་གྱི་ཉེ་བའི་ལོ་འགའི་རིང་གི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། ཧེ་ནན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་པ་དང་ལག་བསྟར་དངོས་འབེབས་བྱས་ཏེ། རྒྱལ་སྤྱིའི་གནས་སྐོར་གླིང་ཕྲན་མྱུར་དུ་འཛུགས་པ་དང་། སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་དར་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་དགོས་པའི་ཐུགས་རེ་བཏོན། ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཡིན་ལ། དཔལ་འབྱོར་བྱ་བ་བཟང་པོར་སྒྲུབ་པའི་བརྟག་ཐབས་རིག་པ་ཡང་ཡིན། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱི་བྱེད་ཐབས་ལག་བསྟར་བྱེད་དགོས་ན། བརྟན་འཇགས་ནི་བྱེད་ཐབས་གཙོ་བོ་དང་ཆེ་ཕྱོགས་ཡིན་ལ། གནད་འགག་ནི་སྲིད་ཇུས་བརྟན་འཇགས་སུ་གཏོང་རྒྱུ་དང་། སྔོན་དཔག་བརྟན་འཇགས་སུ་གཏོང་རྒྱུ། ཉེ་ཁ་འགོག་རྒྱུ་བཅས་ཡིན་ཞིང་། བརྟན་འཇགས་ཀྱི་ཆ་རྐྱེན་འོག་ཏུ་གནད་འགག་གི་ཁྱབ་ཁོངས་ནས་འབད་བརྩོན་བྱེད་དགོས་པ་དང་། ཆུ་ཚད་ལ་ཚོད་འཛིན་བཟང་པོ་བྱེད་པའི་ཆ་རྐྱེན་འོག་ཏུ་འབད་བརྩོན་ལྷོད་མེད་བྱེད་དགོས། ཧེ་ནན་ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཐབས་དེ་བྱ་བ་སྣ་ཚོགས་ཀྱི་ཁྲོད་དུ་ལག་བསྟར་བྱེད་པ་དང་། དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་འབྱུང་བར་བྱེད་པ་དང་མཉམ་དུ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གོ་སྐབས་དམ་འཛིན་བྱས་ཏེ། ཧུར་ཐག་གིས་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་། འདོན་སྤྲོད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། འཆར་འགོད་བྱ་བ་བཟང་པོར་སྒྲུབ་པར་མཐོང་ཆེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་དངོས་སུ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལིག་ཡུན་ཧྲན་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་བཀོད་སྒྲིག་དངོས་འབེབས་བཟང་པོ་བྱེད་ན། ཕྱོགས་གལ་ཆེན་ཞིག་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བསམ་བློའི་འབྱུང་ཁུངས་དང་རིན་ཐང་ལྟ་བའི་ཐད་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་བཟང་པོར་བརྟེན་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དག་གཙང་དུ་གཏོང་དགོས་པ་དང་དག་གཙང་གི་ཆབ་སྲིད་སྐྱེ་ཁམས་གསོ་སྐྱོང་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་ལངས་ཕྱོགས་གསལ་པོས་ཆབ་སྲིད་གཙིགས་སུ་འཛིན་པ་དང་། འདུ་ཤེས་བཞི་བརྟན་པོར་བཅངས་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་བརྟན་སྲུང་བྱེད་པ། རང་རྟོགས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་བཅས་བྱེད་དགོས། སྣེ་ཁྲིད་དེ་ཆབ་སྲིད་ཀྱི་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་གཤིས་སྦྱོང་བརྡར་བྱེད་པ། ཆབ་སྲིད་ཀྱི་རིན་ཐང་བརྟན་སྲུང་བྱེད་པ། རང་ཉིད་གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱེད་པ་བཅས་བྱས་ཏེ། མིག་དཔེའི་ནུས་པ་འདོན་དགོས། རང་འགུལ་གྱིས་རྒྱུན་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྦྱོང་བརྡར་དང་ལེན་བྱས་ཏེ། རང་གཅུན་ནན་མོ་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། སྤོབས་པ་ཆེན་པོས་རང་སྟེང་གི་གནད་དོན་ཐག་གཅོད་བྱས་ཏེ། རང་ཉིད་འཐུས་ཚང་དུ་གཏོང་བ་དང་རང་ཉིད་མཐོར་འདེགས་བྱས་ནས། གུང་ཁྲན་ཏང་མིའི་གདོང་ལེན་གྱི་ངོ་བོ་ནམ་ཡང་སྲུང་འཛིན་བྱེད་དགོས་ཟེར།

ཀྲང་ཀའོ་ལིས་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། ཧེ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་ཐོབ་ཡོད། ཧི་པེ་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧི་པེ་ཡི་བྱ་བའི་ཐད་བཏོན་པའི་མགྱོགས་མྱུར་བཞི་དང་ཏན་ཏིག་དྲུག ཏན་ཏན་ཏིག་ཏིག་གསུམ་བཅས་ཀྱི་བླང་བྱ་ལྟར། དཔལ་འབྱོར་གྱི་ཞིང་ཆེན་སྟོབས་ཅན་དང་མཛེས་སྡུག་གི་ཧི་པེ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཡོངས་སུ་འདྲེས་པར་བྱས་ཏེ། པེ་ཅིན་དང་ཐེན་ཅིན་ལ་སྦྲེལ་མཐུད་བྱེད་པ་དང་པེ་ཅིན་དང་ཐེན་ཅིན་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་ཉིད་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བློ་བརྟན་འགྱུར་མེད་སྒོས་སྤེལ་ཏེ། བཅོས་སྒྱུར་གྱི་ཐབས་ལ་བརྟེན་ནས་འདོར་གསུམ་འཕྲི་གཅིག་གསབ་གཅིག་ཟབ་སྤེལ་བྱེད་དགོས་པ་དང་། ལྷག་པར་དུ་རྣོ་ལྕགས་ཀྱི་ཐོན་ནུས་ལྷག་མ་འདོར་བའི་བྱ་བ་དམ་འཛིན་བཟང་པོ་བྱེད་དགོས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། ཐོན་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་དང་སྒུལ་ནུས་གསར་རྙིང་གི་བརྗེ་སྤོར་ལ་ཡར་སྐུལ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱེད་དགོས། དམངས་ཚིས་ལ་དངོས་སུ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྒྱལ་ཁ་ལེན་དགོས། ཁྱོན་ཡོངས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཤེས་དངོས་འབེབས་བྱེད་པ་དང་། དགུན་ཁའི་ཨོ་རྩལ་འགན་ཚོགས་ཀྱི་གྲ་སྒྲིག་བྱ་བ་གཟབ་ནན་སྒོས་སྒྲུབ་ནས། ཧི་པེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་སྐྲུན་དགོས་ཟེར།

མཱ་ཁའེ་དང་ལིག་ཡུན་ཏུང་། ལིག་ཆི་པའོ་སོགས་སོ་སོར་གྲོས་ཞིབ་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།