ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

2.jpg

ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

3.jpg

ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཀོས་ཀྲིག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

4.jpg

ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

5.jpg

ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཁྲུང་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་ཚེས་དགུ་ཉིན་གྱི་སྔ་དྲོར་སོ་སོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

ལིས་ཁི་ཆང་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ལིས་ཁི་ཆང་གིས་ཐོག་མར་འདས་པའི་ལོ་གཅིག་གི་རིང་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕན་འབྲས་ལྡན་པའི་བྱ་བ་འབོར་ཆེན་བསྒྲུབས་ཡོད་པས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ང་ཧ་ཅང་འཐད་ཅེས་བསྟན། ཁོང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཧྲན་ཞི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་ཆུ་ཚད་གསར་བར་སླེབས་ཡོད། ཧྲན་ཞི་ཞིང་ཆེན་གྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་དགོས། བཅོས་སྒྱུར་སྒོ་འབྱེད་ཀྱི་གཡུལ་ས་གསར་བ་བཟུང་ནས། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། སྲིད་བསྡུ་དབང་གཏོང་དང་འཛིན་གཏོང་ཟུང་སྦྲེལ། ཞབས་ཞུ་ལེགས་སྒྱུར་བཅས་མུ་མཐུད་དུ་སྤེལ་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཀྱི་བར་མཚམས་གལ་ཆེན་གྱི་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ། ནུབ་རྒྱུད་དུ་སྒོ་འབྱེད་པ་དང་དཀའ་སྤྱད་འབད་བརྩོན། སྤོབས་པ་ཆེན་པོ་བཅས་བྱས་ཏེ་ནུབ་རྒྱུད་ས་ཁུལ་ནས་སྔོན་ལ་འཕེལ་རྒྱས་སུ་གཏོང་དགོས། སྒུལ་ནུས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱེད་པ་དང་། ཚུལ་སྒྱུར་རིམ་སྤོར་ཁྲོད་ནས་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་བསྐྱེད་པ། མཐོ་རིམ་སྒྲིག་ཆས་གསར་བཟོ་དང་གློག་རྡུལ་ཆ་འཕྲིན་སོགས་ཀྱི་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བ། དེང་རབས་དངོས་སྐྱེལ་དང་ཞིང་སྡེའི་གློག་ཚོང་སོགས་ལས་རྣམ་གསར་བ་དར་རྒྱས་སུ་གཏོང་བ། རིག་གནས་དང་གནས་སྐོར་སོགས་ཀྱི་ཐོན་ལས་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་ལས་ཞུགས་རྒྱ་བསྐྱེད་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལས་འགན་དེ་དུས་ནམ་ཡང་སེམས་ལ་འཛིན་པ་དང་ཕྲག་ཏུ་ཁུར་ནས། རྨང་གཞིའི་སྒྲིག་ཆས་དང་སློབ་གསོ། སྨན་བཅོས། སྐྱེ་ཁམས་སོགས་ཕྱོགས་ཀྱི་དམངས་ཚིས་དཀའ་གནད་ཐག་གཅོད་བཟང་པོ་བྱེད་དགོས་པ་དང་། ལྷག་པར་དུ་གསར་བརྗེའི་གནས་རྙིང་དང་ཆིན་པ་རི་ཁུལ་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བ་བསྟུད་མར་ཇེ་ལེགས་སུ་གཏོང་དགོས་ཟེར།

ཀྲང་ཏི་ཅང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཀྲང་ཏི་ཅང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་དབྱང་གིས་དམངས་ཆེན་ལམ་ལུགས་དང་དམངས་ཆེན་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་། བསམ་བློ་གསར་པ་དང་བྱེད་ཐབས་གསར་པ། བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཡུན་རིང་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་བཅས་ལ་ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གནང་ཡོད། རིམ་པ་སོ་སོའི་དམངས་ཆེན་གྱིས་འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱས་ཏེ། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཕན་ནུས་ལྡན་པར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་ཁག་ཐེག་བྱེད་དགོས། ལམ་ལུགས་ཀྱི་ཡིད་རྟོན་ཇེ་བརྟན་དུ་བཏང་ནས། སྤྱི་སྡོམ་དང་རྒྱུན་འཛིན། འཐུས་ཚང་། མཐོར་འདེགས་བཅས་ཀྱི་རྩ་དོན་ལྟར་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས། ཆེ་ཕྱོགས་ལ་དམ་དུ་དམིགས་ནས་འགན་ནུས་ལག་བསྟར་བྱེད་པ་དང་། ཁྲིམས་འཛུགས་བྱ་བའི་ལེགས་བཅོས་ལ་ཤུགས་སྣོན་པ། ཡང་དག་པའི་ལྟ་སྐུལ་དང་ནུས་ལྡན་གྱི་ལྟ་སྐུལ་ལག་བསྟར་བྱེད་པ། དོན་ཆེན་ལ་གྲོས་སྡུར་དང་ཐག་གཅོད་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་པ། དམངས་ཆེན་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ་བཅས་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར། ཀྲང་ཏི་ཅང་གིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། ཅང་སུའུ་ཞིང་ཆེན་གྱིས་ཅང་སུའུ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་དུ་སྦྲེལ་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་རྒྱུ་དང་བྱས་རྗེས་གསར་བ་འཇོག་རྒྱུའི་ཐུགས་རེ་བཏོན།

ཡུས་ཀྲིན་ཧྲིན་ཀོས་ཀྲིག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཡུས་ཀྲིན་ཧྲིན་གྱིས་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཞེས་བསྟན། ཁོང་གིས་བསྟན་དོན། ཀོས་ཀྲིག་གིས་ཉེ་བའི་ལོ་འགའི་རིང་ལ་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཡོད། ཀོས་ཀྲིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཤར་རྒྱུད་དང་མི་འདྲ་ལ། ནུབ་རྒྱུད་ཀྱི་ཞིང་ཆེན་གཞན་པ་དང་ཡང་མི་འདྲ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་ནས། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་བྱེད་རྒྱུ་ནི་ངའི་རེ་བ་ཡིན་ཟེར། ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཀོས་ཀྲིག་ནི་ནུབ་རྒྱུད་ཀྱི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ཆེན་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བས། འགྱུར་བ་མེད་པ་གཉིས་རྒྱུན་འཁྱོངས་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་བསྐྱེད་པ། དམངས་གཉེར་ཁེ་ལས་ཀྱིས་མྱུར་དུ་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་དགོས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་བསྣན་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར་ཐད་རོགས་རམ་བྱེད་དགོས། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་སྔར་ལས་བཟང་པོར་སྤེལ་ནས། གནད་ཕིགས་དབུལ་སྐྱོར་ལ་རྨང་གཞི་བརྟན་པོ་འདིང་བ་དང་། དབུལ་སྐྱོར་བྱེད་ཐབས་ཀྱི་ནུས་ལྡན་རང་བཞིན་མཐོར་འདེགས་བྱེད་པ། སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་དགོས་ཟེར།

ཝང་ཆི་ཧྲན་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་པ་དང་། ཚང་མས་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཞེས་བཤད། ཝང་ཆི་ཧྲན་གྱིས་བསྟན་དོན། དམངས་སེམས་ཐོབ་ན་རྒྱལ་ཁམས་ཐོབ་པ་ཡིན་ལ། སྤྱིའི་ཆེད་དུ་ཏང་འཛུགས་པ་དང་དམངས་ཀྱི་ཆེད་དུ་སྲིད་འཛིན་པ་ནི་སྲིད་འཛིན་ཏང་གིས་མི་དམངས་བཅས་པའི་དམ་བཅའ་ཡིན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་མགོ་བརྩམས་པས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་དེར་ཏང་སེམས་དང་དམངས་སེམས་ཐོབ་ཡོད། ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བ་དམ་འཛིན་ལྷོད་མེད་བྱེད་པ་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཚོན་ཆ་དྲག་པོར་གྱུར་ཡོད། སྐོར་ཞིབ་ནི་ཆབ་སྲིད་ཀྱི་ཞིབ་བཤེར་ཅིག་ཡིན་ལ། ཕྱིར་ལྟ་བྱེད་པ་ནི་བསྐྱར་ཞིབ་ཅིག་ཡིན་པས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་དམ་དུ་དམིགས་ནས། ཐེངས་སྔོན་མའི་སྐོར་ཞིབ་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཐད་གནས་པའི་གནད་དོན་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ངང་ཚུལ་བཟུང་ནས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་ལྟ་སྟངས་འཛིན་པའི་བྱ་སྤྱོད་འཚོལ་བ། སྲོལ་ངན་བཞིའི་སྣང་ཚུལ་གསར་བ་འཚོལ་བ། རུལ་སུངས་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་པའི་གནས་བབ་སྲ་བརྟན་དུ་གཏོང་བ། ཆབ་སྲིད་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་བཅས་བྱས་ཏེ། དངོས་འཛིན་དངོས་སྒྲུབ་ཀྱིས་མི་དམངས་མང་ཚོགས་ཀྱི་རེ་བར་ལན་འདེབས་དགོས་ཟེར།

ཀྲང་ཀའོ་ལིས་ཁྲུང་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཀྲང་ཀའོ་ལིས་ཀྱིས་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཞེས་གསུངས། ཁོང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། ཁྲུང་ཆིན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་བླངས་ཡོད། ཁྲུང་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྲུང་ཆིན་གྱི་བྱ་བར་བཏོན་པའི་དམིགས་འབེན་གཅིག་དང་། གནས་ཐིག་གཉིས། ཏན་ཏིག་བཞི་བཅས་ཀྱི་བླང་བྱང་ལག་བསྟར་དངོས་འབེབས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གསར་བ་སྤོ་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་རྒྱབ་རྟེན་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཁྲོད་ཧུར་ཐག་གིས་ཞུགས་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། འདོར་གསུམ་འཕྲི་གཅིག་གསབ་གཅིག་གི་ལས་འགན་ལྕི་མོ་དམ་འཛིན་བཟང་པོ་བྱེད་དགོས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང་། སྔོན་ཐོན་གསར་བཟོ་ལས་རིགས་དར་རྒྱས་སུ་བཏང་ནས། དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་ཏེ། དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བའི་སྒྲིག་གཞི་གྲུབ་པར་བྱེད་དགོས། འགག་གསུམ་ཆུ་མཛོད་ཁུལ་དང་མ་ཡུམ་འབྲི་ཆུ་ལ་སྲུང་སྐྱོབ་བཟང་པོ་བྱས་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ལྕགས་རི་གལ་ཆེན་བརྟན་པོར་སྐྲུན་དགོས། དམངས་ཚིས་ལ་དངོས་སུ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱས་ནས། ཁྲུང་ཆིན་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་སྐྲུན་དགོས་ཟེར།

སུན་ཀྲིན་ཚའེ་དང་ལིས་ཡོན་ཁྲའོ། ལིས་ཀྲན་ཧྲུའུ། དབྱང་ཅིན་སོགས་སོ་སོར་གྲོས་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།