ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1ead6a38fa0d541a0e75f97420a6206c.jpg

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཚོགས་ཐོག་ཏུ་ཀྲང་ཏི་ཅང་གིས་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། དམངས་ཁྲིམས་བསྟན་བཅོས་རྩོམ་སྒྲིག་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་དག་ཞིག་ཀྱང་ཡིན། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ། གཏན་ལ་ཕབ་པའི་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་ལས་འགན་ཡོངས་འགྲུབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་དམངས་ཁྲིམས་བསྟན་བཅོས་རྩོམ་སྒྲིག་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། ཁྲིམས་འཛུགས་ཐད་ནས་ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་དགོས། ཁྲིམས་འཛུགས་ཆོས་ཉིད་བརྩི་སྲུང་དང་གསལ་བོར་ཤེས་པར་བྱེད་པ་དང་། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ལ། ཁྲིམས་སྐྱོང་དང་བཅོས་སྒྱུར་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་མྱུར་དུ་ཆགས་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།