ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་དྲིལ་སྒྲོག་བྱ་བར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

俞正声看望参加全国政协十二届五次会议报道的新闻工作者.jpg

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོའི་འགན་འཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ལ་འཚམས་འདྲི་བྱས་པར་མ་ཟད། ཚོགས་ཆེན་གྱི་གནས་ཚུལ་སྒྲོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།


俞正声看望参加全国政协十二届五次会议报道的新闻工作者 1.jpg

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོའི་འགན་འཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ལ་འཚམས་འདྲི་བྱས་པར་མ་ཟད། ཚོགས་ཆེན་གྱི་གནས་ཚུལ་སྒྲོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོའི་འགན་འཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ལ་འཚམས་འདྲི་བྱས་པར་མ་ཟད། ཚོགས་ཆེན་གྱི་གནས་ཚུལ་སྒྲོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཡུས་ཀྲིན་ཧྲིན་ཧུའུ་ནན་ཚོམས་ཁང་ཕེབས་ཏེ་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་ལས་ཁུངས་གཙོ་བོའི་འགན་འཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད། ཚང་མར་ཕྱག་འཇུ་གནང་སྟེ་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་བསྒྲུབས་པར་ཁས་ལེན་བྱས།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གསར་འགྱུར་དྲིལ་སྒྲོག་བྱ་བས་གྲོས་ཚོགས་ཀྱི་མཛུབ་སྟོན་བསམ་བློ་དང་བརྗོད་དོན་དང་འབྲེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་དྲིལ་སྒྲོག་གང་ལེགས་བྱས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ཏེ་འགན་ནུས་ནན་ཏན་སྒོས་ལག་བསྟར་བྱས་ནས་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་བྱས། དྲིག་སྒྲོག་ནང་དོན་ཕུན་སུམ་ཚོགས་པ་དང་། དྲང་ཕྱོགས་ཀྱི་ནུས་ཚད་ཇེ་ཆེར་གཏོང་བ་དང་བསམ་འཆར་དང་གྲོས་གཞི་འདོན་པ་གཞི་གཅིག་ཏུ་གྲུབ་པར་བྱས་ཡོད་ལ། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ཞིང་གྲོས་ཚོགས་ནས་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། འབད་འཐབ་བཅས་ཀྱི་རྣམ་པ་མཚོན་པར་བྱས་ཏེ། གྲོས་ཚོགས་ཀྱི་ལས་འགན་སྣ་ཚོགས་བདེ་བླག་ངང་འགྲུབ་པར་བྱས་རྗེས་ཆེན་པོ་བཞག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་ཀྱི་དྲིལ་སྒྲོག་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་སྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཀྲང་ཆིན་ལིས་སོགས་མཇལ་འཕྲད་ལ་ཞུགས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།