ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་མཆོག་གིས་རྒྱལ་ཁབ་གོང་འཕེལ་གྱི་ཆེད་དུ་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020170313370796178924.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཚེས་བཅུ་གཅིག་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གནང་སྐབས་བསྟན་དོན། དུས་སྐབས་གང་རུང་ཞིག་གི་ཆོས་ལུགས་ཡིན་རུང་དེར་སྐབས་དེའི་དུས་རབས་གོང་འཕེལ་གྱི་བླང་བྱ་དང་འཚམས་པར་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་ཡོད། དུས་རབས་འདིའི་ཆོས་ལུགས་ཀྱི་ལོ་རྒྱུས་འོས་འགན་ནི། རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། མིའི་རིགས་ལ་ཕན་བདེ་བསྐྲུན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་འབུལ་རྒྱུ་དེ་ཡིན་ཞེས་གསུངས།

ཨུ་ཡོན་པཎ་ཆེན་ཨེར་ཏི་ཡིས་བསྟན་དོན། ནང་བསྟན་ཆོས་ལུགས་དེ་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་པར་བྱེད་པ་དང་། རྒྱལ་ཁབ་གོང་འཕེལ་ཡོང་བར་བྱེད་པའི་ཁྲོད་ནུས་པ་ཡག་པོ་འདོན་དགོས། ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགྲོ་བར་བྱམས་དང་སྙིང་རྗེ་འཆང་བ་དང་། འཆམ་མཐུན་ཞི་བདེའི་དགོངས་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་གུང་ཀྲུང་ཁྲན་ཏང་གི་ཆོས་ལུགས་སྲིད་ཇུས་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དང་ནང་བསྟན་མི་སྣ་དང་རྒྱ་ཆེའི་དད་ལྡན་པའི་འབད་བརྩོན་འོག ནང་བསྟན་ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་གོང་འཕེལ་ཁྲོད་ནུས་པ་བཏོན་ཆོག་པ་སྟེ། དད་ལྡན་མང་ཚོགས་ནས་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། ཀྲུང་ཧྭ་མི་རིགས་བཅས་ཀྱི་ངོས་འཛིན་དང་ངེས་ཤེས་ཆེ་རུ་གཏོང་ཐུབ་པ་དང་། དད་ལྡན་མང་ཚོགས་རྣམས་རང་རྟོགས་ངང་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་། དཔལ་འབྱོར་སྤྱི་ཚོགས་འཛུགས་བསྐྲུན་ནང་ཞུགས་རྒྱུར་སྐུལ་སློང་ཡག་པོ་བྱས་ཆོག་པར་མ་ཟད། སྤྱི་ཚོགས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་དང་། དད་པ་དང་གོང་བཀུར་གྱི་བསམ་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ནང་བསྟན་ཆོས་ལུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཆོག་ཟེར།   ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གྲོས་གཞི་ཁག་ཅིག་བཏོན་པ་སྟེ། གཅིག་ནི་བཅའ་ཁྲིམས་དང་སྡོམ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀུན་སྤྱོད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། སྡོམ་འགལ་ཁྲིམས་འགལ་གནད་དོན་ལ་དོ་དམ་ནན་པོ་དང་། དགོན་སྡེའི་སྒྲིག་སྲོལ་ལམ་ལུགས་གཟབ་ནན་དུ་གཏོང་དགོས། གཉིས་ནི་འཇོན་ཐང་ཅན་གྱི་དགེ་འདུན་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་། གཞོན་དར་དགེ་འདུན་པ་འཇོན་ཐང་ཅན་གསོ་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས། ཏང་གཅེས་རྒྱལ་གཅེས་དང་། སྤྱོད་གཙང་ངང་སྒྲུབ་པ་ཉམས་ལེན་བྱེད་པ། སེམས་སུ་འགྲོ་དྲུག་སེམས་ཅན་འཆང་བ་བཅས་ཀྱི་ཕུལ་བྱུང་དགེ་འདུན་པ་ཁག་ཅིག་གསོ་སྐྱོང་བྱ་དགོས། གསུམ་ནི་བབ་བསྟུན་ཆོས་བཤད་དར་སྤེལ་བཏང་ནས། སྤྱི་ཚོགས་ཀྱི་ལམ་ལུགས་དང་དུས་རབས་ཀྱི་གོང་འཕེལ་ཕྱོགས་དང་འཚམས་པར་བྱས་ཏེ། རྒྱ་ཆེའི་དད་ལྡན་པ་རྣམས་ཀྱིས་ཆོས་ཀྱི་དགོངས་པ་དང་བསྟུན་ནས་སེམས་བཟང་བ་དང་ལས་ལ་བརྩོན་པ། བློ་གྲོས་ལྡན་པ་བཅས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།