ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྤྱི་ཚོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྤྱི་ཚོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

«བསམ་འཆར»ལས་བསྟན་དོན། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་པ་དང་འབུར་ཐོན་གནད་དོན་ཁ་ཕྱོགས་བྱས་ནས། ལམ་ལུགས་ཅན་གྱི་བརྗེ་རེས་མ་རྩ་ཇེ་དམའ་རུ་གཏོང་བ་དང་ཕན་འབྲས་ལྡན་པའི་འདོན་སྤྲོད་རྒྱ་སྐྱེད་ཅིང་རིམ་པ་མང་བ་དང་སྣ་ཁ་མང་བའི་དགོས་མཁོ་སྐོང་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་དུ་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཁེ་སྤོགས་དང་ཁེ་སྤོགས་མེད་པ་སོ་སོར་བགར་ནས་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་ཁ་ཕྱོགས་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཟེར།

«བསམ་འཆར»ལས་ཕན་འབྲས་ལྡན་པའི་ལས་རིགས་ཞུགས་ཚད་ཇེ་ཆེར་གཏོང་བ་དང་དངུལ་གཏོང་དངུལ་བསྡུའི་ཐབས་ལམ་རྒྱ་སྐྱེད་པ། ས་ཞིང་གི་ཁྲལ་བསྡུའི་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱེད་པ། ཤུགས་ཆེན་པོས་མཉམ་བསྲེས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་གྱི་ལེགས་སྒྱུར་ཞབས་ཕྱི་ལ་ཤུགས་སྣོན་པ་སོགས་ཕྱོགས་ལྔའི་སྲིད་ཇུས་དང་བྱེད་ཐབས་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།