ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་ཅ་མེ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a1cc7f3219a37e334ae846438eb3dda8.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་ཅ་མེ་དང་གྲོས་མོལ་མཛད།

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་ཅ་མེ་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་རུ་ཝང་ཏ་བར་འབྲེལ་བ་བཙུགས་ནས་ལོ་ཞེ་དྲུག་གི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བཟོད་སྒོམ་དང་མཉམ་ལས་བཟང་བོ་བྱས་ཤིང་། ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་དཔལ་འབྱོར་ཉོ་ཚོང་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་ཅིང་མི་གཞུང་བརྗེ་རེས་ཇེ་མང་དུ་བཏང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དེང་སྐབས་ཀྲུང་གོ་དང་རུ་ཝང་ཏའི་མཉམ་ལས་འཕེལ་རྒྱས་དེ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དང་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་མི་དམངས་ཀྱིས་ཧུར་ཐག་སྒོས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་ཕྱོགས་ཀྱིས་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་མ་ཟད་རུ་ཝང་ཏ་ཕྱོགས་དང་མཉམ་དུ་ཐོན་ལས་འབྲེལ་མཐུད་ལ་ཤུགས་སྣོན་ཞིང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་བཏང་ནས། རུ་ཝང་ཏ་ཕྱོགས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་འདོད་ཡོད་ཟེར།

ཁ་ཅ་མེ་ཡིས་བཤད་རྒྱུར། རུ་ཝང་ཏ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བ་དང་མཉམ་ལས་ལ་གཅེས་སྤྲས་བྱེད་པ་དང་། ཀྲུང་གོས་རུ་ཝང་ཏའི་བསྐྱར་འཛུགས་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཀྲུང་གོའི་ཁེ་ལས་རུ་ཝང་ཏ་ལ་ཡོང་ནས་ཞིང་ལས་དང་གཏེར་ལས། གནས་སྐོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་ཡིན་ཟེར། 
གྲོས་མོལ་མ་མཛད་པའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོས་བསྡུས་ཏེ། རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ་རང་རྒྱལ་ལ་འཚམས་འདྲིར་ཡོང་བར་བསུ་བ་བྱས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།