2017ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་མཉམ་ལས་ལོ་མགོ་རྩོམ་པའི་མཛད་སྒོ་མཱ་ཉི་ལ་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2017ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་མཉམ་ལས་ལོ་མགོ་རྩོམ་པའི་མཛད་སྒོ་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་ཧྥི་ལི་པེན་མཱ་ཉི་ལ་ནས་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཧྥི་ལི་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨེར་ཐི་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ།kO5ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་མནའ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བའི་རྒྱུན་རིང་ཞིང་མི་གཞུང་ཐད་ཀྱི་བརྗེ་རེས་གཏིང་ཟབ་པ་དང་། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་སྐོར་ཕྱི་ཕྱོགས་འབྲེལ་བ་སྤེལ་བའི་ཁ་ཕྱོགས་གཙོ་བོར་བྱེད་པ་དང་།ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁུལ་ཁོངས་མཉམ་ལས་ཁྲོད་ཀྱི་གོ་གནས་གཙོ་བོར་རྒྱབ་སྐྱོར་བྱེད་པ། མུ་མཐུད་དུ་ཕན་ཚུན་བརྩི་འཇོག་དང་རྒྱུས་ལོན། ཡིད་ཆེས། རྒྱབ་སྐྱོར་བྱེད་པ། ཐུན་མོང་གི་ལྟ་བ་ཆགས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། སྔར་ལས་དམ་ཞིང་ཟབ་པའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲུང་གོ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་པའི་ཡོང་ཁུངས་གཙོ་བོར་གྱུར་ཡོད་པ་དང་། ཨེ་ཤ་ཡ་མནའ་འབྲེལ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་ལ་ཉེ་བའི་སྐབས་སུ་གནས་སྐོར་མཉམ་ལས་ལོ་བཟང་བོར་བསྒྲུབ་པ་དེས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་སྣོན་ཐུབ་ཟེར།kO5ཀྲུང་གོ་བོད་ཀྱི་དྲ་བ།

ཏུའུ་ཐི་ཨེར་ཐི་ཡིས་བཤད་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་བར་གྱི་འབྲེལ་བར་ཚང་མའི་དགའ་བསུ་ཐོབ་ཡོད་པ་དང་། མཉམ་ལས་ཀྱི་གོ་སྐབས་ཧ་ཅང་བཟང་བས། ཕྱོགས་གཉིས་ཀྱི་གནས་སྐོར་མཉམ་ལས་ཐད་ནས་སྔར་ལས་འཕེལ་རྒྱས་སུ་སོང་བར་སྨོན་འདུན་ཞུས་པ་ཡིན་ལ། མཉམ་ལས་བརྒྱུད་དེ་འཕར་སྣོན་ལ་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་བཏང་སྟེ། རང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།kO5ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལིས་ཁི་ཆང་གི་ཤིས་ཚིག་སྒྲོག་འདོན་བྱས།kO5ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།