ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མཱ་ཨེར་ཁི་མུའུ.ཐི་ཨིན་པི་ཨེར་དང་ནེའུ་ཙི་ལན་གྱི་ཙུང་ལི་པིས་ཨེར.དབྱིན་ཀི་ལེ་ཞི་གཉིས་ཀྱིས་གདན་ཞུ་གནང་བ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་ཡིན་པ་མ་ཟད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་སྐོར་ཐེངས་ལྔ་བའི་ལོ་ཧྲིལ་བོའི་གྲོས་མོལ་མཛད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།