རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་དེབ་རྐྱང་མ་སོགས་དཔེ་དེབ་པར་སྐྲུན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས2017ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་དེབ་རྐྱང་མ་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་མ་ཟད། ཚེས་བཅུ་བདུན་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་ནས་འགྲེམ་སྤེལ་བྱེད་རྒྱུ་རེད། དེ་དང་མཉམ་དུ། རྒྱ་ཆེའི་ཀློག་པ་པོ་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་ཡི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་སྔར་ལས་བཟང་བོ་བྱེད་པའི་ཐད་སྟབས་བདེ་བསྐྲུན་ཆེད། སྲིད་གཞུང་བྱ་བའི་སྙན་ཞུ་ཡི་བརྙན་རིས་དང་པར་རིས་འདྲེས་མའི་པར་གཞི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གིས་སྒྲིག་བཟོ་བྱས་པའི«རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི<སྲིད་གཞུང་བྱ་བའི་སྙན་ཞུའི>་ཟུར་ཁྲིད་ཀློག་དེབ»དང«རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་<སྲིད་གཞུང་བྱ་བའི་སྙན་ཞུའི>་སློབ་སྦྱོང་དྲི་ལན»་སོགས་དཔེ་དེབ། མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོའི་ཡན་ཧྲི་དཔེ་སྐྲུན་ཁང་གཉིས་ཀྱིས་པར་སྐྲུན་བྱས་པ་མ་ཟད། རྒྱལ་ཡོངས་ནས་ཡོངས་ཁྱབ་ཏུ་འགྲེམ་སྤེལ་བྱེད་རྒྱུ་རེད། M3uཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།