ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏི་ལི་སིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1120653939_14899073744341n.jpg

ཚེས་བཅུ་དགུའི་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏི་ལི་སིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕེན་གྱིས་ཚེས་བཅུ་དགུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏི་ལི་སིན་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དེ་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། ང་དང་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་ཕྱོགས་གཉིས་བར་གྱི་མཐུན་སྦྱོར་རྒྱུན་འཁྱོངས་བཟང་བོ་བྱས་ཡོད་པ་དང་། ང་ཚོས་བསམ་ན་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཁྱོན་ཡོངས་ནས་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་འགྱུར་ཐུབ། གཙོ་བོ་ཕྱོགས་གཉིས་ཀྱིས་ཆེས་ཆེ་བའི་སྤྱིའི་བགོ་གྲངས་རྒྱུན་འཁྱོངས་བྱེད་ཐུབ་ན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡང་དག་པའི་ཁ་ཕྱོགས་ལྡན། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་ང་དང་ཙུང་ཐུང་ཐི་ལིང་ཕུའུ་བར་ལ་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དང་དགོངས་དོན་གཞིར་བཟུང་ནས། མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཤུགས་སྣོན་པ་དང་། ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་རིམ་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ། གནད་དོན་གལ་ཆེན་ལེགས་བཅོས་དང་ཚོད་འཛིན་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་མགོ་ཚུགས་ས་གསར་བའི་སྟེང་ནས་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་གལ་འགང་ཧ་ཅང་ཆེ། ཕྱོགས་གཉིས་ཀྱིས་ལོ་རྒྱུས་དང་བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་སྙིང་སྟོབས་བཅངས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཚོད་འཛིན་བཟང་བོ་བྱེད་དགོས། འཐབ་ཇུས་ཡིད་ཆེས་ལ་ཤུགས་བསྣན་ནས་ཕྱོགས་གཉིས་བར་གྱི་ངེས་ཤེས་ཇེ་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ནི་འགལ་བ་ལས་གལ་ཆེ་བས་མཉམ་ལས་ནི་ཕྱོགས་གཉིས་ཀྱི་ཆེས་མཐར་ཐུག་གི་གདམ་གསེས་ཡང་དག་ཡིན། ཡུན་རིང་་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམ་འཛིན་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ས་ཁུལ་གྱི་གླེང་གཞིར་གྱུར་བའི་གནད་དོན་ཐད་ནས་ཕན་ཚུན་ལ་མཐུན་སྦྱོར་དང་གཞོགས་འདེག་བྱེད་པར་ཤུགས་སྣོན་དགོས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་བརྩི་འཇོག་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཆེ་ཕྱོགས་འབྲེལ་བ་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོངས་ལ་སྐུལ་མ་བྱེད་པ་དང་རྒྱ་བསྐྱེད་དུ་བཏང་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཟེར།

ཏི་ལི་སིན་གྱིས་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཚམས་འདྲི་ཞུས་པ་རྒྱུད་སྒྲོག་མཛད་པ་དང་། ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁ་པར་འབྲེལ་འདྲིས་བྱས་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྔ་མོ་ནས་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་པར་མ་ཟད། གོ་སྐབས་དང་བསྟུན་ནས་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་ལོ་ལྔ་བཅུའི་རིང་གི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱེད་འདོད་ཡོད་ཅེས་བསྟན།

རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།