ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་སུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་ལྟར།  ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཐེངས་འདིའི་གླེང་སྟེགས་ལ་ཞུགས་ནས་ཤིས་ཚིག་ཕུལ།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་རིམ་པར་བཏོན་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་དཔལ་འབྱོར་སྲིད་ཇུས་ཀྱི་སྒྲོམ་གཞི་ཐོག་མ་ངང་གིས་གྲུབ་པར་བྱས་ཤིང་། དེར་ཀྲུང་གོའི་དཔལ་འབྱོར་རྣམ་པ་སྔར་ལས་མཐོ་ཤོས་དང་ལས་བགོས་སྔར་ལས་ལེགས་བཅོས་སོང་བ། སྒྲིག་གཞི་སྔར་ལས་ལུགས་མཐུན་བཅས་ཀྱི་དུས་སྐབས་སུ་འཕོ་ཐུབ་པར་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། ཀྲུང་གོའི་འཕེལ་རྒྱས་སྔར་ལས་མདུན་ལྗོངས་ཡངས་མོའི་ཕྱོགས་སུ་བསྒྱུར་བར་སྣེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་ངེས་པར་དུ་འཕེལ་རྒྱས་འདུ་ཤེས་གསར་བ་ཡིད་ལ་དམ་པོར་ཉར་བ་དང་དངོས་འབེབས་དོན་འཁྱོལ་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྒུལ་ནུས་གསར་རྙིང་ཀུན་བར་མ་ཆད་པའི་ངང་སྤོ་བསྒྱུར་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བར་འབད་མཐར། དཔལ་འབྱོར་བྱ་བ་བརྟན་འཇགས་ཀྱི་ཁྲོད་ནས་མགྱོགས་མྱུར་འཕེལ་བ་དང་ཆུ་ཚད་མཐོན་པོའི་ཕྱོགས་སུ་འཕེལ་བར་འབད་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་བསྟན་དོན། བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་འགྲོ་བར་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་འགྲོ་བར་ཤུགས་འདོན་པ། ལས་ཞུགས་ལ་འགན་སྲུང་དང་ཉེན་སེལ་ཉེན་འདོན་བྱས་ཏེ། བརྟན་འཇགས་ཀྱི་སྔོན་འགྲོའི་འོག་ཏུ་ཡར་རྒྱས་ལ་བརྩོན་ལེན་བྱས་ནས། དཔལ་འབྱོར་བྱ་བ་བརྟན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་ཁག་ཐེག་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་བར་ཤུགས་བཏོན་ནས། གསུམ་མངགས་གཅིག་བཅག་གཅིག་གསབ་ཡར་ལྡན་དུ་སྤེལ་བའི་བྱ་བར་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ལེན་དགོས། གསར་གཏོད་སྒུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་གཏིང་ཟབ་དུ་སྤེལ་ནས། ཧུར་བརྩོན་ཆེན་པོས་དམངས་ཡོངས་ཀྱིས་ལས་སྐྲུན་བྱེད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་བ་ཡར་ལྡན་དུ་སྤེལ་ནས། དངོས་ཕུང་དཔལ་འབྱོར་དབྱར་མཚོ་བཞིན་རྒྱས་པར་བྱེད་དགོས། མགྱོགས་མྱུར་ངང་གནད་འགག་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་ནས། བར་མ་ཆད་པའི་ངང་སྒུལ་ཤུགས་དང་ཁྲོམ་རའི་གསོན་ཤུགས་ལ་ངར་ལྡུད་ཐུབ་དགོས། དྭངས་བསིལ་ཆབ་རྒྱུན་དང་སྔོ་ལྗང་གི་རི་བོ་ནི་རིན་བྲལ་ནོར་བུ་ཡིན་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་རྨང་རྐང་བརྟན་པོའི་ངང་སྤེལ་ནས། མི་དང་རང་བྱུང་ཁམས་མཉམ་དུ་འཆམ་མཐུན་འཕེལ་རྒྱས་འགྲོ་བའི་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཡོངས་ལ་བདེ་སྐྱིད་ཀྱི་སྣང་བ་གྱ་ནོམ་པ་ཞིག་བསྐྲུན་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་བཞེད་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་འཛམ་གླིང་དཔལ་འབྱོར་གཉིས་དབུགས་རྒྱུན་གཅིག་འབྲེལ་དང་ཕན་ཚུན་མཉམ་སྐུལ་ཡིན། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཛམ་གླིང་ཅན་ཡར་ལྡན་དུ་སྤེལ་བར། རྣམ་པ་དང་རིགས་མི་འདྲ་བའི་ཉོ་འཚོང་དངུལ་གཏོང་གི་སྲུང་སྐྱོབ་རིང་ལུགས་པར་ངོ་རྒོལ་བྱེད་དགོས་ཤིང་། འཛམ་གླིང་ཅན་གྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔ་ན་མེད་པའི་ཕན་ཁེ་བསྐྲུན་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་། བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བླང་བྱ་ལྟར། དཔལ་འབྱོར་བརྟན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་འཛིན་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།