ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ལ་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་དབྱིན་གྱིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚེས་ཉེར་ལྔ་ཉིན་གདན་དྲངས་པ་ལྟར་ཧེ་ནན་པའོ་ཨོ་ནས་བསྡུ་རྒྱུ་ཡིན་པའི་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད་བརྗོད་དོན་གཏམ་བཤད་སྤེལ་རྒྱུ་རེད། 

མཱ་ཏ་ཅ་སི་ཅའི་ཙུང་ཐུང་ཨེ་ལི་དང་མེས་ཁི་ལའོ་ཉི་ཞི་ཡ་མནའ་འབྲེལ་གྱི་ཙུང་ཐུང་ཁི་ལི་སི་ཆིན། ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏ། ཨ་ཧྥུའུ་ཧན་གྲོས་ཞིབ་ཁང་གི་ཀྲུའུ་ཞི་མུའུ་སི་ལི་མུའུ་ཡ་ཨར། ཏེན་མག་གི་ཙུང་ཐུང་གཞོན་པ་ཝུའུ་མེས་རོས་སོགས་ཕྱི་རྒྱལ་གྱི་མགོ་ཁྲིད་སྐོར་ཞིག་ཀྱང་གདན་དྲངས་པ་ལྟར་ལོ་ཚོགས་ལ་ཞུགས་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།