ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་དབྱི་སི་རལ་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔའི་རིང་ལ། ཀྲུང་གོ་དང་དབྱི་སི་རལ་གྱི་འབྲེལ་བ་སྤྱིའི་ཆ་ནས་བརྟན་འཇགས་ཀྱི་ཁྲོད་ནས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ཁྱད་པར་དུ་ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་བར་མཐོ་རིམ་འགྲོ་འོང་བྱེད་ཚད་མང་བ་དང་བསྟུན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པར་མ་ཟད། མི་གཞུང་སྐོར་གྱི་བརྗེ་རེས་བྱ་བ་སྔར་ལས་ཇེ་རྒྱས་ཇེ་དམ་དུ་སོང་ཡོད། ཕན་ཚུན་ཕྱོགས་གཉིས་ཀས་འབྲེལ་ལམ་བཙུགས་ནས་ལོ་འཁོར་ཉེར་ལྔ་འགོར་བ་དང་། གསར་གཏོད་མཉམ་ལས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་སྐྲུན་པའི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་ཕྱོགས་གཉིས་ཀའི་ཆབ་སྲིད་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་འབྲེལ་ལམ་བྱ་བར་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་བྱ་བ་གཏིང་ཇེ་ཟབ་ཏུ་གཏོང་བར་འབད་དེ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་དབྱི་སི་རལ་གྲོས་ཁང་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས། ཀྲུང་གོ་དང་དབྱི་སི་རལ་གྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་བྱས་རྗེས་གང་ལེགས་འཇོག་འདོད་ཡོད་་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། འདས་པའི་ལོ་ཉེར་ལྔའི་རིང་ལ། ཀྲུང་གོ་དང་དབྱི་སི་རལ་གྱི་མཉམ་ལས་དང་མཛའ་འབྲེལ་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། ཆེས་གཙོ་གནད་དུ་གྱུར་བ་ནི་རྒྱལ་ཁབ་གཉིས་བར་དུ་གསར་གཏོད་དང་ཁྱོན་ཡོངས་མཉམ་ལས་ཀྱི་འབྲེལ་བ་ཀུན་ནས་གྲུབ་པ་དེ་ཡིན་པས། དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་མ་འོངས་པ་སྐྲུན་འདོད་ཡོད་ཟེར།

ཝང་ཁྲིན་ཐེངས་འདིའི་བྱ་འགུལ་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།