ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་པེ་ཅིན་དང་བྲལ་ཏེ་ཨོ་སི་ཁྲི་ལི་ཡ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ལ་འཚམས་འདྲིར་ཕེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲི་ལི་ཡའི་ཙུང་ལི་མཱ་ཨར་ཁི་མུའུ་ཐི་ཨིན་པུའུ་ཨར་དང་ནེའུ་ཙི་ལན་གྱི་ཙུང་ལི་པི་ཨར་ཡུན་ཀི་ལི་ཞི་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བཞུགས་ནས་པེ་ཅིན་དང་བྲལ་ཏེ། གོང་གི་རྒྱལ་ཁབ་གཉིས་ལ་དངོས་སུ་འཚམས་འདྲིར་ཕེབས་པར་མ་ཟད། ཨོ་སི་ཁྲི་ལི་ཡར་བསྡུ་རྒྱུ་ཡིན་པའི་སྐོར་ཐེངས་ལྔ་བའི་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་ཙུང་ལི་ལོ་ཡི་གྲོས་མོལ་ལ་ཞུགས་རྒྱུ་རེད། ཙུང་ལི་ལི་ཁི་ཆང་གིས་ལྕམ་མོ་ཁྲིན་ཧོང་ཁོ་དང་མཉམ་དུ་གནམ་གྲུ་གཅིག་ལ་བསྡད་ནས་པེ་ཅིན་དང་བྲལ།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།