ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་དང་གྲོས་ཞུགས་དཔོན་པོ་ཕ་ལིས། དམངས་གྲོས་དཔོན་པོ་ཧྲི་མུས་སི་དང་བཟོ་བ་ཏང་གི་གཙོ་འཛིན་ཞོ་ཏུན་བཅས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强会见澳大利亚总督科斯格罗夫.jpg

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁན་ཕེ་ལ་གྲོང་ཁྱེར་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་དང་གྲོས་ཞུགས་དཔོན་པོ་ཕ་ལིས། དམངས་གྲོས་དཔོན་པོ་ཧྲི་མུས་སི་དང་བཟོ་བ་ཏང་གི་གཙོ་འཛིན་ཞོ་ཏུན་བཅས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་སི་ཀི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ལ། ཞི་བདེ་དང་བརྟན་འཇགས་མེད་ན་མི་དམངས་བདེ་འཇགས་དང་བདེ་སྐྱིད་ཡོང་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ས་ཁུལ་གྱི་བརྟན་འཇགས་དང་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁི་སི་ཀི་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕར་སྣོན་བྱུང་བར་ཡིད་སྨོན་བྱེད་ཀྱིན་ཡོད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་སྔར་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ད་དུང་ཕ་ལིས་དང་ཧྲི་མུས་སི། ཞོ་ཏུན་བཅས་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་འབྲེལ་འདྲིས་དང་དེ་མིན་ས་གནས་དང་དམངས་ཁྲོད་སོགས་བར་གྱི་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་དོན་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ལ་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་རྒྱུའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།