ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ཀྱི་སྲིད་དོན་ཡོངས་བསྒྲགས་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན«ཉིས་སྟོང་བཅུ་བདུན་ལོའི་སྲིད་དོན་ཡོངས་བསྒྲགས་བྱ་བའི་གཙོ་གནད»ཅེས་པ་དཔར་ནས་བཀྲམ་པར་མ་ཟད། རྒྱལ་ཡོངས་ཀྱི་སྲིད་དོན་ཡོངས་བསྒྲགས་བྱ་བར་སྐུལ་འདེད་གཏོང་བའི་ཐད་ནས་བཀོད་སྒྲིག་མཛད། གཙོ་གནད་ལས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོའི་སྲིད་དོན་ཡོངས་བསྒྲགས་བྱ་བས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་གཏིང་ཟབ་སྒོས་ལག་བསྟར་དངོས་འབེབ་བྱས་ཏེ། ཁྲལ་ཉུང་དང་འགྲོ་གྲོན་དམའ་བ། རྒྱུ་ཆའི་མ་རྩ་ཇེ་དམར་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་ཆ་འཕྲིན་དུས་ལྟར་ཡོངས་བསྒྲགས་བྱེད་དགོས། སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ལས་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་བསྡུ་དབང་གཏོང་དང་ཞབས་ཞུ་བདག་གཉེར། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས། ནོར་སྲིད་དཔྱ་ཁྲལ་དང་ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསར་བ་འཕེལ་རྒྱས་སུ་བཏང་ནས་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་པ་དང་ཐོན་ནུས་ཚད་བརྒལ་མེད་པར་བཏང་ནས། འཛད་སྤྱོད་རིམ་འཕར་དང་ཐོན་རྫས་རྒྱུ་སྤུས་མཐོར་འདེགས་ཀྱི་བྱ་བའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་དབུལ་ཐར་དང་སྤྱི་ཚོགས་རོགས་སྐྱོར། ཁོར་ཡུག་སྲུང་སྐྱོབ། སློབ་གསོ། འཕྲོད་བསྟེན། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་དགོས། དངུལ་ལོར་གྱི་ཉེན་ཁ་སྔོན་འགོག་བྱེད་པར་དམིགས་ནས་ཁང་གཞིས་རྒྱུ་ནོར་ཁྲོམ་ར་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་དང་ཡོངས་བསྒྲགས་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།