ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལིས་ཀྱིས་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གསུམ་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁན་ཕེ་ལ་གྲོང་ཁྱེར་ནས་ཨོ་སི་ཁྲི་ལི་ཡའི་ཙུང་ལིས་ཀྱིས་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་དུ་ཤིས་ཚིག་ཕུལ་ནས་བསྟན་དོན། ང་རང་ཐེངས་འདིར་འཚམས་འདྲིར་ཡོང་དོན་ནི་རང་དབང་ཉོ་ཚོང་ལ་སྐུལ་འདེད་གཏོང་ཆེད་ཡིན། དཔལ་འབྱོར་འཛམ་གླིང་ཅན་དུ་ཕྱོགས་བཞིན་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ནས། གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་ན། འཕེལ་རྒྱས་ཀྱི་ཁྲོད་ནས་འཕྲད་སྲིད་པའི་གནད་དོན་སེལ་རྒྱུ་ནི་གལ་ཆེན་རེད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ངེས་པར་དུ་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། འདྲ་མཉམ་དྲང་གཞག་གི་འགྲན་རྩོད་དང་མཉམ་ལས་ཁྲོད་ནས་ཕན་ཚུན་གཉིས་རྒྱལ་གཉིས་ཕན་གྱི་འདོད་དོན་སྨིན་པར་བྱེད་དགོས། ང་ཚོས་ཨོ་སི་ཁྲུ་ལི་ཡ་དང་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མཉམ་དུ་ས་གནས་དང་འཛམ་གླིང་ལ་ཉོ་ཚོང་རང་དབང་ཅན་བསྟན་ནས། འཛམ་གླིང་ཅན་གྱི་ཆོད་སེམས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་དང་ཙུང་ལི་ཐིན་ཨན་པུའུ་ཨར་གྱི་ལྕམ་མོ་ལུའུ་ཞིས་ཐི་ཨན་པུའུ་ཨར་གཉིས་ཐེངས་འདིའི་གསོལ་སྟོན་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།