ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་པུའུ་ཨར་གཉིས་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བཟོ་ཚོང་ལས་རིགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོའི་སྒོར་ཅོག་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d21ab58ab54c97af88c3feb5d7cec986.jpg

ས་དེའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཞི་ཉི་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བཟོ་ཚོང་ལས་རིགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོའི་སྒོར་ཅོག་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཞི་ཉི་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བཟོ་ཚོང་ལས་རིགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོའི་སྒོར་ཅོག་གྲོས་ཚོགས་ལ་ཞུགས། ལིས་ཁི་ཆང་གིས་བསྟན་དོན། ཉེ་བའི་ལོ་བཅུའི་རིང་ལ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཉོ་ཚོང་གི་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དགུ་ལ་འཕར་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕར་སྣོན་ལས་བརྒལ་ཡོད། ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན་དཔལ་འབྱོར་ཉོ་ཚོང་གི་བཀག་རྒྱ་སེལ་ནས་ཕྱོགས་གཉིས་བར་སྔར་ལས་ཆེ་བའི་སྒོ་འབྱེད་ལག་བསྟར་བྱས་པ་དེས། དཔལ་འབྱོར་འཕར་སྣོན་དང་དམངས་ཚིས་ལེགས་བཅོས་བྱེད་པར་རོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ང་ཚོས་ཨོ་སི་ཁྲུ་ལི་ཡ་དང་བཅས་པའི་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། དཔལ་འབྱོར་ཉོ་ཚོང་རང་དབང་ཅན་གྱི་ཁ་ཕྱོགས་ཆེན་མོར་སྲུང་སྐྱོབ་བྱེད་པ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྔར་ལས་དྲང་བདེན་དང་མངོན་གསལ། རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་སྔར་ལས་ལེགས་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་གི་དངུལ་གཏོང་ཁོར་ཡུག་སྐྲུན་ནས། ཞབས་ཞུའི་ལས་རིགས་དང་དངུལ་གཏོང་སོགས་ཁྱབ་ཁོངས་ནས་ཕྱོགས་གཉིས་བར་གྱི་སྒོ་འབྱེད་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་དགོས། ཀྲུང་གོའི་ཁེ་ལས་ཨོ་སི་ཁྲུ་ལི་ཡའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཞུགས་འདོད་ཡོད་པར་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱི་དངུལ་གཏོང་ཁྱབ་ཁོངས་ཇེ་ཆེར་གཏོང་འདོད་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་དོན་དངོས་ཀྱི་ཁ་ཕྱོགས་དང་བསྟུན་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཐི་ཨིན་པུའུ་ཨར་གྱིས་བསྟན་དོན། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གོ་སྐབས་གསར་བར་འཕྲད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཚོང་རའི་སྒོ་འབྱེད་དང་འཛམ་གླིང་ཉོ་ཚོང་ཁྲོད་ནས་ཁེ་ཕན་ཐོབ་པར་བྱས་ཏེ། རང་དབང་ཉོ་ཚོང་སྔར་ལས་རྒྱ་བསྐྱེད་པ་དང་ཁེ་ལས་ཆུང་བ་དེའི་ཁྲོད་དུ་ཞུགས་པར་སྐུལ་འདེད་བཏང་ནས། གསར་སྐྲུན་དང་དངུལ་གཏོང་གསར་སྐྲུན་གྱི་ལས་ཞུགས་གོ་སྐབས་གསར་སྐྲུན་བྱས་ཏེ། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།