ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཧོས་ལིན་ཏུན་གྲོང་ཁྱེར་དུ་ཐོན་ནས་ནེའུ་ཙི་ལན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

李克强抵达惠灵顿对新西兰进行正式访问.jpg

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་དབྱིན་ཀི་ལིས་ཞི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧོས་ལིན་ཏུན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་ནེའུ་ཙི་ལན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས་པ་དང་། ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧོང་ཡང་ལིས་ཁི་ཆང་དང་མཉམ་དུ་ནེའུ་ཙི་ལན་ལ་ཐོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་དབྱིན་ཀི་ལིས་ཞི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧོས་ལིན་ཏུན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་ནེའུ་ཙི་ལན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས་པ་དང་། ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧོང་ཡང་ལིས་ཁི་ཆང་དང་མཉམ་དུ་ནེའུ་ཙི་ལན་ལ་ཐོན།

ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་དབྱིན་ཀི་ལིས་ཞི་དང་ཁོའི་ལྕམ་མོ་མ་ལེ་དབྱིན་ཀི་ལིས་ཞི་གཉིས་ཀྱིས་གནམ་གྲུ་ཐང་དུ་ཙུང་ལིས་ལིས་ཁི་ཆང་སོགས་ལ་བསུ་བྱས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་ལྕམ་མོ་ཡིས་གནམ་གྲུ་ཐང་དུ་ཕན་ཚུན་ལ་འཚམས་འདྲི་དང་བརྩེ་བའི་གླེང་མོལ་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ནེའུ་ཙི་ལན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་རིང་ལ། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། བདག་གིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ། དམངས་ཁྲོད་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ནེའུ་ཙི་ལན་ལ་འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ལི་དབྱིན་ཀི་ལིས་ཞི་ལ་ཐུག་འཕྲད་ཐེངས་མང་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་མཉམ་ལས་ལས་གཞི་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པར་མ་ཟད། ནེའུ་ཙི་ལན་དང་ཀྲུང་གོ་འབྲེལ་བའི་ཡར་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་ཐུག་འཕྲད་བྱེད་པ་དང་མི་གཞུང་བརྗེ་རེས་སོགས་ཀྱི་བྱ་འགུལ་ལ་ཞུགས་རྒྱུ་རེད།

ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་ཚར་པར་མ་ཟད་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ཐུག་འཕྲད་སྐོར་ཐེངས་ལྔ་བར་ཞུགས་རྗེས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཧོས་ལིན་ཏུན་གྲོང་ཁྱེར་དུ་ཐོན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།