ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་པུའུ་ཨར་རྣམ་གཉིས་ཀྱིས་མཉམ་དུ་ཨོ་སི་ཁྲུ་ལི་ཡའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་གཟིགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强与澳大利亚总理特恩布尔共同观看澳式足球.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་པུའུ་ཨར་རྣམ་གཉིས་ཀྱིས་མཉམ་དུ་ཞི་ཉི་གྲོང་ཁྱེར་དུ་ཨོ་སི་ཁྲུ་ལི་ཡའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་གཟིགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་རྐང་རྩེད་སྤོ་ལོའི་ར་བའི་སྒོ་ཁར་ཕེབས་སྐབས་ཙུང་ལི་ཐི་ཨིན་པུའུ་ཨར་གྱིས་བསུ་བ་བྱས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་རྣམ་གཉིས་ཀྱིས་རྐང་རྩེད་སྤོ་ལོའི་ར་བའི་ནང་དུ་རྐང་རྩེད་སྤོ་ལོ་རྒྱག་མཁན་ལ་བརྩེ་བའི་འཚམས་འདྲི་དང་བསམ་བློ་བརྗེ་རེས་བྱས་པ་དང་། ཀྲུང་གོའི་རྐང་རྩེད་སྤོ་ལོ་རྒྱག་མཁན་ཁ་ཤས་ཨོ་སི་ཁྲུ་ལི་ཡའི་རྐང་རྩེད་སྤོ་ལོའི་རུ་ཁག་ནང་དུ་ཡོད་པ་ཤེས་རྗེས། ལིས་ཁི་ཆང་གིས་ཀྲུང་གོའི་རྐང་རྩེད་སྤོ་ལོ་རྒྱག་མཁན་གྱིས་ས་དེར་སྦྱོང་བརྡར་བྱེད་པའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ཞི་འདྲི་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་ལས་རིགས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་པའི་སྒྲུབ་སྟངས་ལ་གཟེངས་བསྟོད་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། ལུས་རྩལ་དང་བཅས་པའི་མི་གཞུང་བརྗེ་རེས་དང་མཉམ་ལས་རྒྱ་སྐྱེད་པར་བརྟེན་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་སྔར་ལས་མང་པོའི་མཛའ་བཤེས་འབྲེལ་བ་འཛུགས་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།