ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཧྥིན་ལན་རྒྱལ་ཁབ་ཀྱི་གྲོས་དཔོན་ལོ་ཧི་ལ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见芬兰议长洛赫拉.jpg

ཟླ་བཞི་བའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧི་ཨར་ཞིན་ཅི་གྲོང་ཁྱེར་དུ་ཧྥིན་ལན་རྒྱལ་ཁབ་ཀྱི་གྲོས་དཔོན་ལོ་ཧི་ལ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དེང་སྐབས་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་དེ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་དུ་ཞུགས་ཤིང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་འགྱུར་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ་དང་མི་གཞུང་བརྗེ་རེས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མི་དམངས་བར་གྱི་མཛའ་བཤེས་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཧྥིན་ལན་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ལོ་ཧི་ལ་ཡིས་བཤད་རྒྱུར། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་བརྗེ་རེས་དང་མཉམ་ལས་དམ་པོ་བྱེད་འདོད་ཡོད། ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། ཧྥིན་ལན་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཛའ་མཐུན་འབྲེལ་འདྲིས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག ཧྥིན་ལན་གྲོས་ཁང་གིས་མུ་མཐུད་དུ་ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྲོས་མི་བར་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།