ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅིས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་འགན་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅིས་ཚེས་1ནས་3ཉིན་བར་ཀུའེ་ཀྲོའུ་རུ་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་བཅས་ལ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ལེགས་ཆ་དང་། ནུས་པ། སྟོབས་ཤུགས་བཅས་འདོན་སྤེལ་གང་ལེགས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀྲའོ་ལེ་ཅིས་ཐའེ་ཅང་རྫོང་ཕའེ་ཀྲ་གྲོང་ཚོ་དང་། ཅིའུ་པའེ་གྲོང་ཚོ། ཡང་ཧྥང་གྲོང་ཚོ་བཅས་སུ་སྐབས་བསྟུན་གྱིས་དུད་ཚང་དུ་ཕེབས་ཏེ་མང་ཚོགས་ལ་འཚམས་འདྲི་གནང་ནས་དབུལ་སྐྱོར་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་དོན་འཁྱོལ་བྱས་མིན་དང་། རོགས་སྐྱོར་ལས་བྱེད་པ་རྒྱུན་དུ་ཡོང་མིན། མི་སེར་ལ་ལས་ཀ་གང་ཞིག་བྱེད་རོགས་བྱས་མིན་ཤེས་རྟོགས་གཏིང་ཟབ་གནང་བ་མ་ཟད། གྲོང་མིར་ཡོང་འབབ་ག་ཚོད་ཡོད་མེད་དང་། ཕྱུག་འགྱུར་ཐབས་ལམ་གང་ཞིག་ཡོད་མེད། ནད་གཞི་ལྟ་བ་དང་། ཕྱིར་བསྐྱོད་པ། བུ་ཕྲུག་སློབ་གྲྭར་གཏོང་བ་བཅས་ཐད་སྟབས་བདེ་ཡོད་མེད་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། གྲོང་ཚོའི་ལས་བྱེད་པ་དང་གླེང་མོལ་གནང་སྐབས་ད་ཆ་གྲོང་ཚོར་དུད་ཚང་དབུལ་པོ་ག་ཚོད་ཡོད་མེད་དང་། ཞིབ་ཕྲའི་གནས་ཚུལ་གང་ཡིན་མིན། དབུལ་སྐྱོར་བྱེད་ཐབས་གང་ཞིག་སྤྱད་མིན། ད་དུང་དཀའ་ངལ་གང་ཞིག་ཡོད་མེད་བཅས་བཀའ་འདྲི་གནང་ནས་ཁོང་ཚོར་དཀའ་སྤྱད་ལས་ལ་གཞོལ་ནས་མང་ཚོགས་ཀྱི་སྣེ་འཁྲིད་དེ་འབབ་འཕར་ཕྱུག་འགྱུར་དང་གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཀྲའོ་ལེ་ཅིས་ད་དུང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

རྫོང་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ལས་བྱེད་མང་ཚོགས་དབར་བཞུགས་མོལ་གནང་སྐབས་ཀྲའོ་ལེ་ཅིས་དབུལ་པོའི་གནད་དོན་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ནི་ཏང་གི་ངོ་བོ་དང་རྩ་དོན་ཡིན། ལག་ལེན་དངོས་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་དོན་སྙིང་ཆེན་པོར་ངོས་འཛིན་བྱེད་ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ཏན་ཏིག་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ལྷག་དོན་དུ་ཏང་ཀྲི་པུའི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲིག་བྱེད་པ། རྗེས་ལུས་གྲོང་ཚོར་རྒྱུན་མཐུད་ངང་ལེགས་སྒྲིག་བྱེད་པ། ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གནད་སྨིན་ངང་མངགས་པ་བཅས་བྱས་ཏེ་འཐབ་ས་དང་པོའི་དབུལ་སྐྱོར་ལས་དོན་དཔུང་ཁག་ལེགས་སུ་གཏོང་དགོས། གྲོང་གསེབ་ཏང་ཡོན་ལས་བྱེད་པ་གསོ་སྦྱོང་ལ་་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ཞིང་པའི་ལས་རིགས་རྩལ་ནུས་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས། འོས་འགན་སློབ་གསོ་དང་སྨན་བཅོས་འགན་སྲུང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། གྲོང་གསེབ་སྒྱུར་བཅོས་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་གི་བླང་བྱ་དང་བསྟུན་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་བླང་བྱ་དོན་འཁྱོལ་བྱེད་པ། སྙིང་རུས་ལྷོད་མེད་ཀྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་གཏོང་། ཏང་ཀྲི་པུའི་ཆབ་སྲིད་ནུས་པ་ཆེར་གཏོང་བཅས་བྱས་ནས་ཏང་ཡོན་སྒྲིག་འཛུགས་དེ་བས་ཡག་པ་དང་མང་ཚོགས་དེ་བས་གཅིག་སྒྲིལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།