ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཧྥིན་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཞི་པུས་ལེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见芬兰总理西比莱.jpg

ཟླ་བཞི་བའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧི་ཨར་ཉིན་ཅི་གྲོང་ཁྱེར་དུ་ཧྥིན་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཞི་པུས་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱས་ཤིང་། དཔལ་འབྱོར་ཐད་ནས་གཉིས་ཕན་ཁ་གསབ་བྱས་པ་དང་རིག་གནས་ཐད་ནས་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་བར་མ་ཟད་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་བརླིང་སྒོས་འཕེལ་རྒྱས་སུ་སོང་། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་སོང་བ་དང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་ཅིང་། མི་གཞུང་བརྗེ་རེས་ཇེ་མང་དུ་སོང་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དམ་པོ་བྱེད་བཞིན་ཡོད། ཀྲུང་གོ་དང་ཧྥིན་ལན་གཉིས་ཀྱི་འཕེལ་རྒྱས་འདུ་ཤེས་དང་འཐབ་ཇུས་འདྲ་མཚུངས་ཡིན་པ་དང་གཉིས་ཕན་མཉམ་རྒྱལ་མཉམ་ལས་ཕྱོགས་སུ་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཚན་རྩལ་གསར་སྐྲུན་དང་ནུས་ཁུངས་ཁོར་ཡུག་སྲུང་སྐྱོབ། བྱང་སྣེ་ལས་དོན། གནས་སྐོར་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཞི་པུས་ལེ་ཡིས་བཤད་རྒྱུར། ཧྥིན་ལན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་ཡིད་ཚིམས་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱེད་པ་ཡིན། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་གཏོང་དང་ཁོར་ཡུག གནས་སྐོར། སློབ་གསོ་སོགས་ཁྱབ་ཁོངས་དང་རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་གི་མཉམ་ལས་རྒྱ་ཆེར་སྤེལ་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།