ཀྲུང་གོ་བོད་ཀྱི་དྲ་བ།

མི་སྤྱི་པུས་མཐོ་སློབ་ཀྱི་སློབ་ཐོན་སློབ་མས་ཐབས་ལམ་མང་པོར་བརྟེན་ནས་བྱ་གཞག་གཏོད་པར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དུ་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཀྲེན་གྱིས་《ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་》ཉེ་ཆར་འདོན་རྒྱུ་ཡིན་ཞིང་། དེའི་ནང་མཐོ་སློབ་ཀྱི་སློབ་ཐོན་སློབ་མས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་དང་ཐོན་ནུས་ལྷག་མའི་ཁེ་ལས་ཀྱི་ལས་བཟོ་བཀོད་སྒྲིག་བྱེད་པའི་ལས་དོན་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས་ཡོད་པ་རེད།

མཐོ་སློབ་ཀྱི་སློབ་ཐོན་སློབ་མས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་པ།

ཀྲང་དབྱི་ཀྲེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཁྲི་795ཟིན་པ་དེ་ན་ནིང་ལས་ཁྲི་30འཕར་ཡོད།

མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་མ་གཏོང་ཆེད། མི་སྤྱི་པུས་སྤྱི་ཚོགས་རྩ་འཛུགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་ན་ཁེ་ལས་ཀྱིས་བསྡུས་ནས་ལས་ཞུགས་བྱེད་པའི་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་གཅིག་མཚུངས་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཟོས་པ་མ་ཟད། ལྟ་སྦྱོང་ཁ་གསབ་སྤྱོད་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ནས་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་ཁྱབ་ཁོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་པོ་དང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མིའི་ཁྲོད་ཀྱི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་བར་རྒྱ་ཆེ་རུ་གཏོང་རྒྱུ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣའི་ལས་གཏོད་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་པའི་ཚོད་ལྟ་སོགས་ཀྱི་བྱེད་ཐབས་ཀྱང་ཁ་གསལ་བཏོན་ཡོད།

ཐོན་ནུས་ལྷག་མའི་ཁེ་ལས་ཀྱི་ལས་བཟོ་བཀོད་སྒྲིག་འོས་འཚམ་བྱ་རྒྱུ་ཡིན་པ།

ཀྲང་དབྱི་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་རྒྱལ་ཡོངས་སུ་ཐོན་ནུས་ལྷག་མའི་ཁེ་ལས་ཀྱི་ལས་བཟོ་ཁྱོན་ཁྲི་72.6བཀོད་སྒྲིག་བྱས་པ་རེད།

ད་ལོར་ཐོན་ནུས་ལྷག་མའི་ཁེ་ལས་ཀྱི་ལས་བཟོ་བཀོད་སྒྲིག་བྱེད་པའི་ལས་དོན་ནི་གཙོ་བོ་ལས་བཟོའི་ཁེ་དབང་སྲུང་སྐྱོང་ནས་གཞི་བཙུགས་ཏེ་ཁེ་ལས་ནང་ཁུལ་དུ་ཁག་བགོས་དང་། ལས་གནས་སྒྱུར་བའི་ལས་ཞུགས་ལས་གཏོད། ནང་ཁུལ་གྱི་ལས་འཁྱུར་ངལ་གསོ། སྤྱི་ཕན་ལས་གནས་སུ་བཀོད་སྒྲིག་སོགས་ཀྱི་ཐད་ནས་ལས་བཟོ་ཁག་བགོས་བཀོད་སྒྲིག་བྱེད་ཁྱོན་རྒྱ་སྐྱེད་གཏོང་རྒྱུ་དང་། ཁེ་ལས་ཀྱིས་ནང་ཁུལ་དུ་བཀོད་སྒྲིག་བྱེད་པའི་ཐད་གཏིང་ཤུགས་སྔོག་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁག་བགོས་ལས་བཟོའི་ལས་གནས་སྒྱུར་བའི་ལས་ཞུགས་ལས་གཏོད་ལ་སྐུལ་མ་གཏོང་བ་དང་། ཚན་པའི་གསར་དུ་འཕར་བའི་ལས་གནས་སུ་ཐོན་ནུས་འཕྲི་བའི་ཁག་བགོས་མི་སྣ་བསྡུ་རིགས་ལ། ཁེ་ལས་ཀྱིས་ལས་ཞུགས་དང་ལེན་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་འདོན་རྒྱུ། རང་བརྟེན་ལས་གཏོད་བྱེད་རིགས་ལ་ལས་གཏོད་ཀྱི་སྐྱེད་སྲིང་རྟེན་གཞིའི་སྣ་ཚོགས་སུ་སྔོན་ལ་བཀོད་སྒྲིག་བྱ་རྒྱུ། དངོས་འབྲེལ་བཀོད་སྒྲིག་བྱེད་དཀའ་བའི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣར་སྤྱི་ཕན་རང་བཞིན་གྱི་ལས་གནས་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་བཅས་རེད།

སྲིད་ཇུས་གསར་པ་ནི་སྔར་གྱི་སྲིད་ཇུས་རྒྱུན་བསྐྱངས་པ་ཞིག་ཡིན་པ།

ཀྲང་དབྱི་ཀྲེན་གྱིས་མི་རིང་བར་འདོན་ལ་ཉེ་བའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ནི་སྔོན་ཆད་ཀྱི་སྲིད་ཇུས་དང་བསྡུར་ན། རྒྱུན་འཛིན་བྱས་ཡོད་ལ་ལེགས་བཅོས་གོང་འཕེལ་ཡང་སྔར་བས་བྱུང་ཡོད། སྔར་གྱི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བའི་རྒྱབ་ལྗོངས་ཆེན་པོར་གཞི་ཚུགས་ཏེ། ཕྱོགས་གཅིག་ནས་ལས་ཞུགས་བརྟན་པོ་ཡོང་བའི་ཁ་ཕྱོགས་ལ་གཙོ་བོར་དམིགས་ཏེ་སྤྱི་ཁོག་དཔལ་འབྱོར་དང་ལས་ཞུགས་སྲིད་ཇུས་ཀྱི་མཐུན་སྦྱོར་དང་། ལས་གཏོད་མ་དངུལ་གྱི་རྒྱབ་སྐྱོར། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད། ལས་ཤོར་ཉེན་ཁ་སྔོན་འགོག་སོགས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཅིག་ཤོས་ནས་ལས་ཞུགས་རྒྱ་སྐྱེད་གཏང་གཞི་གསར་པར་དམིགས་ནས་ལས་ཞུགས་གསར་པའི་གནས་སྟངས་ཀྱི་ཁྱད་ཆོས་དང་འཚམ་པར་བྱས་ཏེ། ལས་ཞུགས་གསར་པའི་གནས་སྟངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་བཏོན་ཡོད་ཅེས་ངོ་སྤྲོད་བྱས།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།