ཀྲུང་གོ་བོད་ཀྱི་དྲ་བ།

“ཕྱོགས་པ་བཞི་དང་བྱེད་པ་བཞི”ལག་ལེན་བསྟར་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པའི་གྲོས་འགོ་བཏོན་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་གསར་འགྱུར་ཀུན་སྤྱོད་ཨུ་ལྷན་གྱིས།

“ཕྱོགས་པ་བཞི་དང་བྱེད་པ་བཞི”ལག་ལེན་བསྟར་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པའི་གྲོས་འགོ་བཏོན་པ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་12ཉིན་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་གསར་འགྱུར་ཀུན་སྤྱོད་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཚོར《“ཕྱོགས་པ་བཞི་དང་བྱེད་པ་བཞི”ལག་ལེན་བསྟར་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པའི་གྲོས་འགོའི་ཡི་གེ》བཏང་སྟེ། རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་སེམས་ལ་བརྟན་པོ་ངེས་པ་དང་། “ཕྱོགས་པ་བཞི་དང་བྱེད་པ་བཞི”ལས་རིགས་ཀྱི་ཚད་ཤིང་དུ་བྱེད་པ། ལྷག་བསམ་རྣམ་དག་དང་འགན་འཁྲི་ཁུར་ཕོད་པ། རང་འགན་གཙང་སྒྲུབ་བཅས་བྱས་ཐོག་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་གསར་འགྱུར་ལས་དོན་པ་ཞིག་ཧུར་ཐག་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།

ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་གསར་འགྱུར་ཀུན་སྤྱོད་ཨུ་ལྷན་གྱིས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་ཏང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ་དང་རང་འགུལ་ངང་ཏང་གི་རྗེས་སུ་འབྲངས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། དྲང་ཕྱོགས་དྲིལ་བསྒྲགས་དང་། གླེང་མང་བའི་གནད་དོན་ལ་ཁྲིད་སྟོན། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཏང་གི་དགོངས་ཚུལ་བརྒྱུད་སྤེལ། མི་དམངས་ཀྱི་བསམ་ཚུལ་མཚོན་པ་བཅས་བྱས་ནས། དུས་རབས་ལ་སྣེ་ཁྲིད་ཀྱི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས། གསར་འགྱུར་བརྒྱུད་སྤེལ་གྱི་ཆོས་ཉིད་ལ་རང་འགུལ་ངང་བརྩི་སྲུང་ཞུས་ཏེ། ཆེད་ལས་ཀྱི་འདུ་ཤེས་དང་། མཉམ་འདྲེས་ཀྱི་འདུ་ཤེས། གསར་གཏོད་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས། གསར་འགྱུར་གཏོང་སྤེལ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ལས་སྒོ་བྱང་ཆུབ་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས། མི་དམངས་ལྟེ་བར་བྱེད་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལས་རིགས་སྙིང་སྟོབས་དར་སྤེལ་དང་ལས་རིགས་ཀུན་སྤྱོད་སྲུང་བ་དང་། ལས་དོན་ཧུར་ཐག་སྒྲུབ་པ། ལེགས་སྐྱེས་འབུལ་ཕོད་པ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་བཅས་བྱས་ནས་སྤྱོད་ཚུལ་ལེགས་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།