ཀྲུང་གོ་བོད་ཀྱི་དྲ་བ།

ཏང་ཡོན་གྱིས་རང་དཔེ་གཞན་སྟོན་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས།

“འགག་རྩའི་ཉུང་ཤས”ལ་དམ་འཛིན་དང་གཞི་རིམ་གྱི་ཀྲི་པུའུ་ལ་དམ་འཛིན་བྱས་ཏེ་རྒྱ་ཆེའི་ཏང་ཡོན་གྱིས་རང་དཔེ་གཞན་སྟོན་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་ཏང་ཡོངས་སུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལག་ལེན་ཐོག་ནས་ར་འཕྲོད་བྱུང་དོན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ནི་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་། རྩ་འཛུགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཀྱང་ཡིན་པས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་བྱེད་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དེ་ལས་འགན་ཨང་དང་པོར་བཞག་སྟེ་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པའི་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ཡོངས་རྫོགས་ཚད་ལོན་ཏང་ཡོན་ཞིག་ཡོང་བར་ཁྲིད་སྟོན་བྱེད་དགོས། “འགག་རྩའི་ཉུང་ཤས”ལ་དམ་འཛིན་དང་། གཞི་རིམ་གྱི་ཀྲི་པུའུ་དམ་འཛིན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སྔོན་ཐོན་དཔེ་མཚོན་གྱི་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ། ཏང་རྩ་འཛུགས་ཀྱི་འགན་ནུས་ལག་བསྟར་དང་སྲོག་ཤིང་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན། འགོ་ཁྲིད་ལས་བྱེད་པའི་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་དང་མིག་དཔེའི་ནུས་པ་འདོན་སྤེལ་བྱ་རྒྱུ་འགན་ལེན། རྒྱ་ཆེའི་ཏང་ཡོན་གྱིས་རང་དཔེ་གཞན་སྟོན་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་འགན་ལེན་བཅས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚེས་16ཉིན“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། གཞི་རྩའི་བླང་བྱ་བཅས་གསལ་བཤད་གཏིང་ཟབ་གནང་བ་ལས་ང་ཚོར་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བར། དངོས་སྦྱོང་དངོས་སྒྲུབ་ཐད་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་། རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཐུབ་པ་དང་དུས་རྒྱུན་ནས་དམ་འཛིན་བྱ་རྒྱུར་སྣང་ཆེན་བྱེད་པ། རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སློབ་སྦྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཚད་ལོན་པ་དང་། སྒྲིག་ཁྲིམས་ལག་བསྟར་གྱི་ཚད་ལོན་པ། ཀུན་སྤྱོད་ཀྱི་ཚད་ལོན་པ། ནུས་པ་འདོན་སྤེལ་གྱི་ཚད་ལོན་པ་བཅས་བྱེད་དགོས། “འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ་ལམ་ལུགས་དང་ལམ་སྲོལ་ནུས་ལྡན་ལ་བརྟེན་ནས་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་མིག་དཔེ་ཡག་པོ་ཞིག་བྱེད་པ་དང་། སྣེ་ཁྲིད་དེ་དར་ཆ་གསལ་སྟོན་དང་ཆབ་སྲིད་ལ་སྣང་ཆེན། སྣེ་ཁྲིད་དེ་ཏང་གཤིས་བྱང་ཚད་མཐོར་གཏོང་། སྣེ་ཁྲིད་དེ་རང་འདོམས་ནུས་ལྡན་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཏན་ཏིག་ཐུབ་པ་བྱེད་དགོས། ཏང་གི་ལས་དོན་མཐའ་དག་ཀྲི་པུའུ་ལ་བརྟེན་དགོས་པའི་སྟོན་ཕྱོགས་ཁ་གསལ་བཟོས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་གཞི་རྩའི་ནང་དོན་ལ་བརྩིས་ནས་གཏན་འཇགས་ཡོང་བ་དང་མཐའ་འཁྱོངས་བྱས་ཐོག་གཞི་རིམ་ཀྲི་པུའི་འབྲེལ་ཡོད་ལམ་ལུགས་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཏང་གི་རྩ་འཛུགས་རྨང་གཞི་བརྟན་དུ་གཏོང་དགོས། གནད་དོན་བཙལ་འཚོལ་དང་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དུས་རྒྱུན་དུ་ཏང་གཤིས་ཉམས་ལེན་དང་གནད་དོན་དག་ཐེར་གཏིང་ཟབ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ཞན་ཆ་གསབ་པ་དང་མང་ཚོགས་འཁྲིས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཐག་གཅོད་བྱེད་པའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས། སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ནང་ངོས་སྒུལ་ཤུགས་འཕེལ་བ་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་ཏང་འཛུགས་སྐྱོང་ལས་དོན་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས་འགན་འཁྲིའི་གསལ་ཐོ་ཞིབ་ཚགས་སུ་གཏོང་བ་དང་། རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དཔེ་མཚོན་ལམ་སྟོན་ལ་མཐོང་ཆེན་བྱེད་པ། གཞི་རིམ་ཚན་པའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་གཏོང་བཅས་བྱས་ཏེ་སློབ་སྦྱོང་དང་། བསམ་གཞིག ལག་ལེན་བཅས་ཁྲོད་གོ་བ་ལེན་པ་དང་། སློབ་སྦྱོང་དང་བྱ་སྤྱོད་ཟུང་འབྲེལ། ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བཅས་བྱེད་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཏང་གི་དགོངས་པ་དང་། རྩ་འཛུགས། སྤྱོད་ཚུལ། རུལ་རྒོལ་གཙང་སྤེལ་དང་ལམ་ལུགས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཏང་གི་རྩ་འཛུགས་ནུས་པ་དང་། རྩ་འཛུགས་ལེགས་ཆ། རྩ་འཛུགས་སྟོབས་ཤུགས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རྩའི་འཛུགས་སྐྲུན་གལ་ཆེ་ཤོས་ལ་བརྩིས་ནས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཐོག་ཏང་གིས་གཏན་འཁེལ་བྱས་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།

ནང་སོག་རང་སྐྱོང་ལྗོངས་དང་། ཕུའུ་ཅན་ཞིང་ཆེན། ཧུའུ་པེ་ཞིང་ཆེན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་མི་དམངས་སློབ་ཆེན་ཏང་ཨུད(ཏང་ཙུའུ)བཅས་ཀྱི་འགན་ཁུར་བློ་མཐུན་ཚོས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་གནང་བ་རེད།

ལིའུ་ཆི་པའོ་དང་། ཀྲང་ཁྲུན་ཤན། ཀྲའོ་ཧུང་ཀྲུའུ་བཅས་ཚོགས་འདུར་ཕེབས་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།