ཀྲུང་གོ་བོད་ཀྱི་དྲ་བ།

ཀོས་ཀྲིག་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་བ་དང་ཞི་ཅིན་ཕིང་ལ་འདེམ་ཤོག་ཡོངས་རྫོགས་ཐོབ་ནས་འཐུས་མི་ལ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་གྲོལ་བའི་ཀྲུང་གོ་གུང་ཁྲན་ཏང་ཀོས་ཀྲིག་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་ཀོས་ཀྲིག་ཞིང་ཆེན་གྱི་འཐུས་མི་བདམས་ཐོན་བྱུང་། ཀོས་ཀྲིག་ཞིང་ཆེན་གྱི་འདེམ་བསྐོ་ལ་ཞུགས་པའི་ཀྲུང་དབྱང་གིས་མིང་བཏོན་པའི་འཐུས་མིའི་འདེམ་སྒུག་པ་བློ་མཐུན་ཞི་ཅིན་ཕིང་ལ་འདེམ་ཤོག་ཡོངས་རྫོགས་ཐོབ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་ལ་བདམས།

ཀོས་ཀྲིག་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་རྣམས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམ་ཤོག་ཡོངས་རྫོགས་ཐོབ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་ལ་བདམས་པ་ནི་ཀོས་ཀྲིག་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་བདུན་བརྒྱ་དང་སུམ་ཅུ་ལྷག་གི་ཐུན་མོང་གི་རེ་འདུན་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ས་ཡ་གཅིག་དང་འབུམ་བདུན་ལྷག་གི་ཐུན་མོང་གི་རེ་འབོད་ཡིན་པ་དང་། ཀོས་ཀྲིག་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བྱེ་བ་བཞི་ལྷག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩེ་སེམས་ཟབ་མོ་བཅངས་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་སྒོས་གོང་བཀུར་བྱེད་པ་མཚོན་པར་བྱས་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།