ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྲན་ཏུང་གི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཞི་བའི་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཏུང་ཝེ་ཧའེ་དང་ཅི་ནན་གྱི་བྱ་བར་རྟོག་ཞིབ་མཛད།

2.jpg

ཟླ་བཞི་བའི་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཏུང་ཝེ་ཧའེ་དང་ཅི་ནན་གྱི་བྱ་བར་རྟོག་ཞིབ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཏུང་ཝེ་ཧའེ་དང་ཅི་ནན་གྱི་བྱ་བར་རྟོག་ཞིབ་མཛད།ལིས་ཁི་ཆང་གིས་ཝེ་ཧའེ་གྲུ་ཁའི་འཕེལ་རྒྱས་དང་ཕྱིར་གཏོང་ནང་འདྲེན་ཐད་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན་རྗེས། གྲུ་ཁས་རྒྱལ་སྤྱིའི་ཉམས་མྱོང་ལ་སློ བ་སྦྱོང་བྱེད་པ་དང་། དོ་དམ་ལ་ཤུགས་སྣོན་པ། སྐྱེལ་འདྲེན་ནུས་པ་མཐོར་འདེགས་བྱེད་པ་མ་ཟད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་པར་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།

སུང་ཅ་ཐོན་སྨན་ཁང་དེ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཡིན་པའི་ཆ་ནས། ཝེ་ཧའེ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་བར་སྨན་བཅོས་མཉམ་ལས་འབྲེལ་བ་བཙུགས་ནས། ནད་པས་ཁྱིམ་དང་ཐག་ཉེ་ས་ནས་སྨན་པ་བཟང་བོར་སྟོན་ཐུབ་པར་བྱས་ཡོད། ལིས་ཁི་ཆང་གིས་གསུངས་རྒྱུར། སྨན་བཅོས་མཉམ་ལས་འབྲེལ་བ་ནི་དམངས་ཚིས་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཡིན་པས། སྨན་བཅོས་མཉམ་ལས་འབྲེལ་བ་བརྒྱུད་དེ་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྐྱེལ་བ་དང་། མང་ཚོགས་ཀྱིས་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་དགོས། ཁོང་གིས་ད་དུང་སྨན་གསོ་ཟུང་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ལོ་ལོན་ཚོས་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བར་རོལ་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཝེ་ཀའོ་སྡེ་ཚོགས་དང་ཏེ་ཧྲང་སྡེ་ཚོགས་ནས། ལིས་ཁི་ཆང་གིས་ཁེ་ལས་གསར་གཏོད་རིམ་སྤོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་གསུངས་རྒྱུར། རང་རྒྱལ་སྒུལ་ནུས་གསར་རྙིང་བརྗེ་སྤོར་བྱེད་པའི་གནད་འགད་དུས་སྐབས་སུ་གནས་ཡོད་པ་དང་། སྲོལ་རྒྱུན་ལས་རིགས་བསྒྱུར་བཀོད་དང་མཐོར་འདེགས་བྱེད་ན་གཙོ་བོར་ལག་རྩལ་གསར་བ་དང་ལས་རིགས་ཀྱི་རྣམ་པ་གསར་བ། མ་དཔེ་གསར་བར་རག་ལས་ཡོད་པས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་། ཀྲུང་གོའི་བཟོ་སྐྲུན་2025ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ཚན་རྩལ་གྱི་འདུས་ཚད་མཐོ་ཞིང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་གསར་གཏོད་བྱེད་དགོས་ཟེར།

ཝེ་ཧའེ་ཧོང་ཀོན་ཚོང་རའི་ལྟ་སྐུལ་དོ་དམ་ཁང་དུ། ལིས་ཁི་ཆང་གིས་ཁོ་ཚོས་དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། གཞི་རམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་བཅོས་བསྒྱུར་སྤེལ་བ་དང་། ཚོང་རའི་འདྲ་མཉམ་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པར་སྐུལ་སློང་བྱས།

ལིས་ཁི་ཆང་ཞིང་ཁར་སོང་ནས་གྲོ་སྐྱེས་པའི་གནས་ཚུལ་ལ་བལྟས་པ་དང་། ཞིང་ལས་རྒྱུ་ཆས་དང་འབྲུ་རིགས་ཀྱི་རིན་གོང་ཐད་ནས་གསལ་བོར་དྲིས། ཁོང་གིས་གསུངས་རྒྱུར། དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་ན། གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ས་བོན་ལེགས་བཅོས་བྱེད་པ། ཚོང་ཟོག་མངག་ཐོ་ཞིང་ལས་ཁྱབ་གདལ་དུ་གཏོང་བ། ལེགས་ཞིབ་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། རྣམ་པ་མང་བའི་གཞི་ཁྱོན་འོས་འཚམ་གྱི་ཚོང་གཉེར་འཕེལ་རྒྱས་སུ་གཏོང་དགོས་ལ། རྒྱལ་ཁབ་ཀྱིས་ཀྱང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། འབྲུ་རིགས་འདེབས་པའི་ཞིང་བའི་ཁེ་ཕན་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།

ལིས་ཁི་ཆང་ད་དུང་ཁང་རྙིང་ཁུལ་གྱི་སྡོད་དམངས་ཀྱི་ཁྱིམ་དུ་སོང་ནས་ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་གསུངས་རྒྱུར། ཁང་རྙིང་ཁུལ་བསྒྱུར་བཀོད་ནི་རྣམ་པ་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ཡིན་ལ། ས་ཁང་བདག་ཁོངས་ཚོང་ར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གཙོ་བོ་ཡང་ཡིན་པས། དུས་ཚོད་དམ་འཛིན་སྒོས་ཁང་རྙིང་བསྒྱུར་བཀོད་བྱ་བ་བཟང་བོར་བསྒྲུབ་ནས། གྲོང་ཁྱེར་འཆམ་མཐུན་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཧྲན་ཏུང་སློབ་ཆེན་དུ། ལིས་ཁི་ཆང་གིས་སློབ་གྲྭའི་ལོ་རྒྱུས་དང་སློབ་ཚན་འཛུགས་སྐྲུན་ཐད་ཀྱི་ངོ་སྤྲོད་ལ་ཉན་རྗེས། དགེ་རྒན་ཆེན་མོ་རྣམས་དང་བརྗེ་རེས་བྱས། རིག་གནས་ལོ་རྒྱུས་དང་མཚན་ཉིད་རིག་པའི་རྩོམ་སྒྲིག་པུའུ་རུ། ཁོང་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཁྲོདའགན་འཁྲི་སྔར་ལས་ཆེན་པོ་ཕྲག་ཏུ་ལེན་དགོས་ཞེས་སྐུལ་མ་བཏང་། ཁོང་གིས་ད་དུང་སློབ་མའི་བྱ་བ་གཙོ་བོ་ནི་སློབ་སྦྱོང་ཡིན་ལ། དེའི་ཞོར་དུ་སྤྱི་ཚོགས་ལག་ལེན་ཁྲོད་ཞུགས་ནས། ཕྱོགས་བསྡུས་ནུས་པ་མཐོར་འདེགས་བྱེད་པ་དང་། མཐར་ཕྱིན་རྗེས་སྤྱི་ཚོགས་སྟེང་ནས་ལས་ཞུགས་ལས་སྐྲུན་བྱེད་པ་དང་ཡང་ན་ཚོད་ལྟ་ཁང་དུ་རྨང་གཞིའ་ཞིབ་འཇུག་བྱེད་པ་གང་ཡིན་རུང་། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ཐུབ་པ་མ་ཟད། རྒྱལ་ཁབ་ལ་བྱས་རྗེས་འཇོག་ཐུབ་ཟེར།

ལིས་ཁི་ཆང་གིས་ཧྲན་ཏུང་གི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག ཧྲན་ཏུང་གིས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྒུལ་ནུས་གསར་རྙིང་གི་བརྗེ་སྤོར་ལ་སྐུལ་འདེད་གཏོང་བ། དམངས་ཚིས་གནད་དོན་གལ་ཆེན་ཐད་ཀྱི་བཅོས་བསྒྱུར་ཉམས་མྱོང་འཚོལ་ཞིབ་དང་ཐག་བཅད་དེ། རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཡང་ཅིན་གྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།