ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཞི་ལའི་ཕྱི་འབྲེལ་དཔོན་པོ་ཁི་ཆ་སི་དང་གྲོས་མོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས23ཉིན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཡ་ཏེན་ནས་ཞི་ལའི་ཕྱི་འབྲེལ་པུའུ་ཀྲང་ཁི་ཆ་སི་དང་གྲོས་མོལ་བྱས། 

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བཙུགས་པའི་རྒྱལ་ཁབ་ཡིན་ལ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ལ་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པས། དེ་ནི་ཀྲུང་གོ་དང་ཞི་ལ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་སྲོལ་རྒྱུན་བཟང་བོ་ཡིན། ཞི་ལ་ནི་ཀྲུང་གོ་ཡོ་རོབ་གླིང་དུ་ཡོད་པའི་ཆེས་བཟང་བོའི་མཉམ་ལས་གྲོགས་པོའི་ནང་གི་གཅིག་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་ཐུག་འཕྲད་དང་གྲོས་མོལ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་བསྣན་ཡོད་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཞི་ལ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་ལོ་ཡིན། ལོ་ངོ་ཞེ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་རྒྱབ་སྐྱོར་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་དུ་བརྟན་འཇགས་དང་བདེ་བླག རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བའི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙུང་ལི་ཆི་ཕུའུ་ལ་སི་ཀྲུང་གོར་ཕེབས་ཏེ་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཞི་ལ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་རང་གི་སྟོབས་ཤུགས་འབུལ་བར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་དམ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། ཉོ་ཚོང་དངུལ་གཏོང་གི་རྒྱ་ཁྱོན་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་བཏང་སྟེ། མཉམ་དུ་བསླངས་པའི་དཔལ་ཡོན་གནའ་བའི་རྒྱལ་ཁབ་གླེང་སྟེགས་ཀྱི་པུའུ་ཀྲང་གྲོས་ཚོགས་ཐོག་མ་བཟང་བོར་སྒྲུབ་པ་དང་། དཔལ་ཡོན་མི་འདྲ་བའི་བར་གྱི་གྲོས་མོལ་དང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཞི་ལ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་སྔར་ལས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁི་ཆ་སི་ཡིས་བཤད་རྒྱུར། ཞི་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་མཛའ་མཐུན་དང་བརྟན་འཇགས་ཡིན། ཞི་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་དང་གནས་སྐོར། རིག་གནས། ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཁུངས་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་གཉིས་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ལ་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་དང་སི་རི་ཡ་སོགས་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།