ཀྲུང་གོ་བོད་ཀྱི་དྲ་བ།

མིན་ཅན་ཀྲུའུ་ཡིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་ཕུའུ་ཨར་ལ་ཐུག་འཕྲད་བྱས་པར་མ་ཟད་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཐོ་རིམ་བདེ་འཇགས་གྲོས་མོལ་ཐོག་མར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་པུའུ་ཨར་ལ་ཐུག་འཕྲད་བྱས་པར་མ་ཟད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཐོ་རིམ་བདེ་འཇགས་གྲོས་མོལ་ཐོག་མ་སྤེལ་མགོ་བརྩམས།

མིན་ཅན་ཀྲུའུ་ཡིས་ཐོག་མར་ཐི་ཨིན་པུའུ་ཨར་ལ་ཀྲུའུ་ཞི་ཞི་ཅིན་ཕིན་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་བར་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ལ་ཐུན་མོང་གི་ཁེ་ཕན་ལྡན་ལ་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོའང་ལྡན་ཟེར།

མིན་ཅན་ཀྲུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་འདྲིས་དང་མི་སྣ་བར་གྱི་འགྲོ་འོང་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱིས་མཐོ་རིམ་བདེ་འཇགས་གྲོས་མོལ་ལམ་ལུགས་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཧ་ཅང་དགོས་གལ་ཆེ་བས། ཕྱོགས་གཉིས་ཀྱིས་ལམ་ལུགས་དེ་བཙུགས་པ་དང་བསྟུན་ནས། ཕན་ཚུན་གྱི་ཁེ་ཕན་དང་དོ་སྣང་བྱེད་པའི་གནད་དོན་ལ་བརྩི་འཇོག་བྱས་ཏེ། ལྷག་བསམ་ཟོལ་མེད་སྒོས་གྲོས་མོལ་བྱེད་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁོངས་བརྒལ་ཏེ་ནག་ཉེས་བཟོས་པར་ཆམ་ཕབ་གཏོང་བ་དང་། དུག་འགོག འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། དྲ་རྒྱར་བརྟེན་ནས་ནག་ཉེས་བཟོས་བར་ཆམ་ཕབ་གཏོང་བ་སོགས་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་པ། ཁྲིམས་ལུགས་དང་ཁྲིམས་འཛིན་ཕྱོགས་ཀྱི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་བདེ་འཇགས་ཁེ་ཕན་དང་མང་ཚོགས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་པར་ཞབས་ཕྱི་སྒྲུབ་དགོས་ཟེར།

ཐི་ཨིན་པུའུ་ཨར་གྱིས་མིན་ཅན་ཀྲུའུ་ལ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིན་དང་ཙུང་ལི་ལིས་ཁི་ཆང་གཉིས་ལ་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་བདེ་འཇགས་དང་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བདེ་འཇགས་གྲོས་མོལ་ལམ་ལུགས་བཙུགས་པ་བརྒྱུད་དེ། རྒྱུན་ཆད་མེད་པར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཚེས་ཉེར་གཅིག་ཉིན། མིན་ཅན་ཀྲུའུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཐོ་རིམ་བདེ་འཇགས་གྲོས་མོལ་ཐོག་མར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། ཐུག་འཕྲད་བྱས་རྗེས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཐོ་རིམ་བདེ་འཇགས་གྲོས་མོལ་ཐོག་མའི་མཉམ་འབྲེལ་གསལ་སྒྲོག་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།