ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིན་གྱིས་ཀོང་ཞིའི་བྱ་བར་རྟོག་ཞིབ་མཛད་པ་དེས་ས་གནས་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020170423338674098419.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས19ཉིན་ནས་ཚེས21ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱས་ཏེ། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སྲུང་བྱེད་པའི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་བྱ་བ་སྒྲུབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན། ཉིན་འདི་འགར་གསར་འགོད་པས་ས་གནས་ལས་བྱེད་པ་དང་མང་ཚོགས་ལ་བཅར་འདྲི་བྱེད་སྐབས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མངག་བཅོལ་ཅིས་ཀྱང་ཡིད་ལ་དམ་པོར་བཟུང་སྟེ་དུས་རབས་གསར་བའི་མཚོ་ཐོག་དར་གོས་ཚོང་ལམ་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

བྱང་ཕྱོགས་མཚོ་ཁུག་གྲུ་ཁ་ནི་རང་རྒྱལ་སྐམ་སའི་མ་ལིག་ཅ་མཚོ་ཁུག་དང་བར་ཐག་ཧ་ཅང་ཉེ་བའི་གྲུ་ཁ་ཞིག་ཡིན། ཐིས་ཧྲན་གྲུ་ཁའི་བྱ་བ་སྒྲུབ་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གྲུ་ཁའི་འཛུགས་སྐྲུན་ཐད་ལ་སྐུལ་མ་བཏང་ནས་ལས་བཟོ་བ་རྣམས་ཀྱི་བརྩོན་སེམས་ཆེ་རུ་བཏང་། ཁོ་ཚོས་བཤད་རྒྱུར། ད་ལྟ་བྱང་ཕྱོགས་མཚོ་ཁུག་གྲུ་ཁ་ནི་དེ་འདྲ་ཆེ་རྒྱུ་མེད་ནའང་། མ་འོངས་པར་གྲུ་ཁ་དེ་རྒྱལ་སྤྱི་ཅན་གྱི་གྲུ་ཁ་ཞིག་ཏུ་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཚང་མར་གསུངས་རྒྱུར། རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་ཀྲུང་གོའི་སྒོ་འབྱེད་ཆེན་པོ་དང་གསར་སྤེལ་ཆེན་པོ་ལག་བསྟར་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཟེར། ཉིན་འགའ་འགོར་ནའང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སྐད་ཆ་དེ་ཚང་མའི་སེམས་སུ་དམ་པོར་བཟུང་ཡོད་པར་མ་ཟད་སྐུལ་མ་ཆེན་པོ་ཐེབས་ཡོད།

སྔོན་ཆད་ནན་ཏེན་ཀི་ཨར་བྱ་དགའ་ཐོབ་པའི་ནན་ཉིན་མི་དམངས་སྨན་ཁང་བཞི་བའི་ནད་གཡོག་མགོ་གཙོ་ཏུའུ་ལེ་ཆོན་ལ་མཚོན་ན། ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ། ཁོ་མོ་མི་རིགས་མཐུན་སྒྲིལ་གྱི་གཞི་རིམ་ཕུལ་བྱུང་འཐུས་མི་ཡིན་པའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཐུག་འཕྲད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཡང་བསྐྱར་ཁོ་མོར་ཐུག་འཕྲད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གནང་བའི་བསླབ་བྱ་དང་དམངས་བརྩེ་སྲོལ་བཟང་གིས་ཡུལ་དངོས་ཀྱི་མི་རྣམས་ལ་ཡིད་འགུལ་ཐེབས་སུ་བཅུག ཁོ་ཚོས་བཤད་རྒྱུར། ཕྱིན་ཆད་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་རེ་བ་ལྟར། རང་རང་གི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་ངེས་ཡིན་ཟེར། 
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།