ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

389.jpg

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་ལྔ་བ་བསྡུས་ཏེ། ཆུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་ལྔ་བ་བསྡུས་ཏེ། ཆུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལོས་ཀྲུང་མེས་དང་། ཀྲིན་ཞིན་ཧོས། ལིས་ཡོན་ཡོན། ཝུན་ཞང་ཚེ། དབྱང་ཐེན་དབྱི། ཀྲུའུ་ཀྲིན་ཧྥུའུ། ཀྲིག་ཅན་མེན། ཝང་ལི་མེན། ཧྲི་ཀྲུང་ཡན། ཁྲིན་ཕེན་སོགས་དང་ཆེད་མཁས་པ་ཝང་ཅིན་དང་ཀྲིན་པིན་ཧོས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།
ཨུ་ཡོན་རྣམས་ཀྱིས་བལྟས་ན། ཆུའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དེ་ནི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་དེ་1984ལོར་འགྲེམ་སྤེལ་དང་ལག་བསྟར་བྱས་པའི་ཚུན། 1996ལོ་དང་2008ལོ་གཉིས་ལ་སྔ་གཞུག་ཏུ་ཐེངས་གཉིས་ལ་བཟོ་བཅོས་བྱས་ནས། ཆུ་བཙོག་བཟོ་འགོག་བཅོས་བྱེད་པ་དང་ཆུའི་ཁོར་ཡུག་ལེགས་བཅོས་བྱེད་པ། འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ཐད་ལ་ནུས་པ་བཟང་བོ་འདོན་སྤེལ་བྱས། དེང་སྐབས་རང་རྒྱལ་གྱི་ཆུའི་ཁོར་ཡུག་གི་སྤུས་ཚད་སྤྱིར་ཇེ་ལེགས་སུ་སོང་ཡོད་མོད། འོན་ཀྱང་གནས་བབ་སྔར་བཞིན་ཛ་དྲག་ཆེ་བས། ཆུ་བཙོག་བཟོ་འགོག་བཅོས་བྱ་བའི་ཧ་ཅང་ལས་འགན་ལྗིད། ཆུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ནི་ཆུ་ལས་དོན་ཁྲིམས་འཛུགས་མ་ལག་ཁྲོད་ཀྱི་བཅའ་ཁྲིམས་གལ་ཆེན་ཁག་ཅིག་ཡིན་པས། ངེས་པར་དུ་ཆུ་ལས་དོན་ཁྲིམས་འཛུགས་མ་ལག་འཐུས་ཚང་དུ་གཏོང་བའི་མཐོ་ཚད་ནས་ཆུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་བྱེད་པར་ལྟ་སྟངས་འཛིན་དགོས་པར་མ་ཟད། ཁྲིམས་ལུགས་ཀྱི་ངེས་ཤུགས་གསལ་བོ་བྱས་ནས། ཚན་རིག་དང་མཐུན་པའི་ཆུ་བཙོག་བཟོ་འགོག་བཅོས་བྱེད་པའི་ཁྲིམས་ལུགས་ལམ་ལུགས་འཛུགས་སྐྲུན་བྱེད་དགོས་པར་སྙམ།

ཨུ་ཡོན་རྣམས་ཀྱིས་ད་རུང་ས་འོག་གི་ཆུ་བཙོག་བཟོ་འགོག་བཅོས་བྱེད་པ་དང་། གྲུ་གཟིངས་ཀྱི་ཆུ་བཙོག་བཟོ་འགོག་བཅོས་བྱ་བར་གཙིགས་འཛིན་བྱེད་པ། ཞིང་ལས་ཐད་ཀྱི་བཙོག་བཟོ་བཅོས་སྐྱོང་བྱེད་ཐབས་དང་འགན་འཁྲི་ལ་ཤུགས་སྣོན་པ་སོགས་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་ནས། ཆུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་དོན་ཚན་ཁ་ཤས་ལ་བཟོ་བཅོས་བྱེད་པའི་བསམ་འཆར་བཏོན། ཡུས་ཀྲིན་ཧྲིན་གྱིས་ཚང་མའི་བསམ་འཆར་ལ་ཞིབ་ཏུ་ཉན་པར་མ་ཟད། ཚང་མ་དང་བརྗེ་རེས་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཧྲིའོ་ཡིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་རོང་ཆིག་དང་ཆུ་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཀོས་ཧྭ། ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཐོ་ལིན་བཅས་ཀྱིས་ཨུ་ཡོན་རྣམས་དང་བརྗེ་རེས་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཀྲང་ཆིན་ལིས། ལུའུ་ཀྲན་ཀུང་། ཁྲིན་ཞའོ་ཀོང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།