ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2017ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས།

    སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

390.jpg

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2017ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།   

391.jpg

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2017ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་ཉེར་བདུན་ཉིན2017ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

ཀྲུང་དབྱང་ཏང་གི་སློབ་གྲྭའི་ཐེངས་འདིའི་མཐར་ཕྱིན་སློབ་མ་ལ་སློབ་མ་ལྔ་བརྒྱ་དང་བཅུ་གཅིག་ཡོད། མཐར་ཕྱིན་མཛད་སྒོའི་སྟེང་སློབ་མའི་འཐུས་མི་གསུམ་གྱིས་གཏམ་བཤད། སློབ་མ་ཚོས་ཡོངས་ཁྱབ་ཏུ་བལྟས་ན། ཏང་གི་སློབ་གྲྭ་ནས་སློབ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པ་དང་། འདུ་ཤེས་བཞི་དང་ཡིད་ཆེས་བཞི་སྔར་ལས་ཇེ་དྲག་ཏུ་བཏང་། ཏང་གཤིས་སློབ་གསོ་ཟབ་མོ་ཐེབས་རྗེས་ཕུགས་བསམ་དང་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་བར་སྙམ། སློབ་མ་ཚོས་གཅིག་གྱུར་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་བྱ་བར་མཛུབ་སྟོན་བྱེད་པ། བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་མ་ཟད། ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། ནན་ཏན་སྒོས་བྱ་བ་བསྒྲུབ་སྟེ། ཁྱད་དུ་འཕགས་པའི་བྱ་བའི་བྱས་རྗེས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་བྱེད་རྒྱུའི་ཚུལ་བསྟན།

ཀྲའོ་ལི་ཅི་དང་ཀྲའོ་ཧུང་ཀྲུའུ་གཉིས་མཐར་ཕྱིན་མཛད་སྒོར་ཞུགས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།