ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་རེ་བདུན་པ་དང་རེ་བརྒྱད་པའི་སྟེང་མིང་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་རེ་བདུན་པ་དང་རེ་བརྒྱད་པའི་སྟེང་མིང་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་རེ་བདུན་པའི་ནང་གསུངས་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས་ལ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་སྟེང་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བ་དང་། ད་ལྟ་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་ཡིན་ཟེར།

ཀྲུའུ་ཞིའི་བཀའ་ཁྱབ་རེ་བརྒྱད་པའི་ནང་གསུངས་རྒྱུར། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་སྟེང་ཐག་གཅོད་བྱས་པ་ལྟར། ལིག་ཅ་དབྱི་ཡི་རྩིས་ཞིབ་ཧྲུའུ་ཡི་རྩིས་ཞིབ་དཔོན་པོའི་གོ་གནས་བླངས་པ་དང་། ཧུའུ་ཙི་ཅོན་རྩིས་ཞིབ་ཧྲུའུ་ཡི་རྩིས་ཞིབ་དཔོན་པོར་བདམས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།