ཀྲུང་གོ་བོད་ཀྱི་དྲ་བ།

ཞབས་བྲོའི་ཟློས་གར《ཚངས་དབྱངས་རྒྱ་མཚོ》ཞེས་པ་པེ་ཅིན་མི་རིགས་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས27ཉིན་གྱི་དགོང་མོར། ཀྲུང་དབྱང་མི་རིགས་ཟློས་གར་ཚོགས་པའི་ཞབས་བྲོའི་ཟློས་གར《ཚངས་དབྱངས་རྒྱ་མཚོ》ཞེས་པ་པེ་ཅིན་མི་རིགས་ཟློས་གར་ཁང་དུ་གཟབ་རྒྱས་ངང་སླར་ཡང་འཁྲབ་སྟོན་བྱས་པ་དང་། ཞབས་བྲོའི་ཟློས་གར《ཚངས་དབྱངས་རྒྱ་མཚོ》ཞེས་པ་ནི་ཀྲུང་དབྱང་མི་རིགས་ཟློས་གླུ་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་ལྷག་རིང་གི་ཞབས་བྲོའི་ཟློས་གར་ཐོག་མ་ཡིན་ལ། 2015ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་མ་དངུལ་རོགས་སྐྱོར་གནང་བའི་ལས་གཞི་ཞིག་ཡིན་ཞིང་། སྐབས་བཅུ་པའི་ཀྲུང་གོའི་ཞབས་བྲོའི་ཟློས་གར་གྱི་"པདྨའི་མེ་ཏོག་བྱ་དགའ"དང་། སྙན་ངག་ཞབས་བྲོ་འགྲན་བསྡུར་གྱི་བྱ་དགའ་གཟི་བརྗིད་ལྡན་པའི་ངང་ཐོབ་མྱོང་བ་རེད། 

༢.jpg

ཞབས་བྲོའི་ཟློས་གར《ཚངས་དབྱངས་རྒྱ་མཚོ》ཞེས་པ་ནི་ཀྲུང་དབྱང་མི་རིགས་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་ཚོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་པའི་ལྷག་བསམ་རྣམ་དག་གི་བརྩམས་ཆོས་ཤིག་ཡིན་པ་དང་། འཁྲབ་སྟོན་ཐོག་མ་བྱས་པ་ནས་ད་ལྟའི་བར་དུ་རྒྱལ་ཡོངས་སུ་འཁྲབ་ཐེངས་བཞི་བཅུ་ལྷག་ཙམ་བྱས་ཡོད་ཅིང་། 

༣.jpg

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་པའི་དུས་ཚིགས་འདིའི་ནང་། ཞབས་བྲོའི་ཟློས་གར《ཚངས་དབྱངས་རྒྱ་མཚོ》ཞེས་པ་སླར་ཡང་མི་རིགས་ཟློས་གར་ཁང་ནང་འཁྲབ་སྟོན་བྱེད་པ་དེས་རྒྱལ་སའི་ལས་རིགས་ཁག་གི་གཟིགས་མོ་བ་རྣམས་ལ་དཔྱིད་དཔལ་རྒྱས་པའི་བརྩེ་སེམས་བརྒྱུད་སྤེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།