ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་པེ་ཅིན་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས་ཞེས་པའི་གུང་གཞོན་ཚོགས་མི་དང་ན་གཞོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལྔ་བཞིའི་ན་གཞོན་དུས་ཆེན་དང་གུང་གཞོན་ཚོགས་པ་བཙུགས་ནས་ལོ་གོ་ལྔ་ལོན་པའི་སྐབས་སུ། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་པེ་ཅིན་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས་ཞེས་པའི་གུང་གཞོན་ཚོགས་མི་དང་ན་གཞོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ན་གཞོན་སློབ་མར་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཡིས་གཏམ་བཤད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། གུང་གཞོན་ཚོགས་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་། གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ལ་སྣེ་ཁྲིད་དེ་ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་འབྲངས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།

སྐབས་ཉེར་གཅིག་པའི་ཀྲུང་གོ་ན་གཞོན་ལྔ་བཞིའི་བྱ་དགའ་ཐོབ་མཁན་སོགས་གུང་གཞོན་ཚོགས་མི་དང་ན་གཞོན་གྱི་འཐུས་མིས་གཏམ་བཤད་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་བཟུང་སྟེ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ནམ་ཡང་ཏང་གི་རྗེས་འབྲངས་པའི་ཆབ་སྲིད་གདམ་གསེས་ལག་བསྟར་བྱེད་པ་དང་། དཀའ་སྤྱད་བརྩོན་ལེན་བྱས་ནས་མེས་རྒྱལ་དང་མི་དམངས་ལ་དྲིན་ལན་འཇལ་བ་ཡིན་ཟེར།

ལིས་ཡོན་ཁྲའོ་ཡིས་བཤད་རྒྱུར། གུང་གཞོན་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་དགོས། གུང་གཞོན་ཚོགས་པའི་འཕེལ་རྒྱས་མདུན་སྐྱོད་ཀྱི་གཞི་རྩའི་ཉམས་མྱོང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གསུང་ལ་ཉན་པ་དང་ནམ་ཡང་ཏང་གི་རྗེས་འབྲངས་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བྱེད་དགོས་ལ། གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་ཚེའི་བགྲོད་ལམ་དུ་སྐྱོད་པར་སྣེ་ཁྲིད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།