ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཞིན་ཅང་རིག་གནས་བརྗེ་རེས་ཚོགས་པས་ཕ་ཁི་སི་ཐན་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་གསུམ་ཉིན་ནས་ཚེས་དྲུག་ཉིན་བར། ཀྲུང་གོ་ཞིན་ཅང་རིག་གནས་བརྗེ་རེས་ཚོགས་པས་ཕ་ཁི་སི་ཐན་ལ་འཚམས་འདྲི་བྱས་ཤིང་། ཕ་ཁི་སི་ཐན་གྱིས་གྲོས་ཞུགས་ཁང་དང་གསར་འགྱུར་པུའུ། ཕ་ཁི་སི་ཐན་འཐབ་ཇུས་ཞིབ་འཇུག་ཁང་བཅས་ལ་སོ་སོར་སོང་སྟེ་འཚམས་འདྲི་དང་བརྗེ་རེས་བྱས་པར་མ་ཟད། ཕ་ཁི་སི་ཐན་གྱི་གསར་འགྱུར་ལས་ཁུངས་གཙོ་བོ་དང་བཞུགས་མོལ་དང་བརྗེ་རེས་བྱས་ནས། ཉེ་བའི་ལོ་འགའི་རིང་ལ་ཞིན་ཅང་གིས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཐད་ནས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་དང་། ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་འཐབ་ཇུས་ལག་བསྟར་བྱེད་པ། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དཔལ་འབྱོར་ཁྱམས་ར་འཛུགས་སྐྲུན་བྱེད་པ་བཅས་ཐད་ལ་འབད་བརྩོན་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཕ་ཁི་སི་ཐན་ཕྱོགས་ཀྱི་ཆབ་སྲིད་རིག་གཞུང་ལས་རིགས་ཀྱིས་མི་སྣས་བརྗེ་རེས་ཚོགས་པ་ཐེངས་འདིར་འཚམས་འདྲི་ཡོང་བ་ལས་ཞིན་ཅང་ལ་ཁྱོན་ཡོངས་ནས་ངོས་འཛིན་གསར་བ་བྱས་པར་མ་ཟད། ཕྱིན་ཆད་ཞིན་ཅང་ལ་རྟོག་ཞིབ་དང་འཚམས་འདྲི་སྔར་ལས་མང་པོ་བྱེད་ཐུབ་པར་རེ་བ་བྱེད་ཀྱིན་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།