ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཐོག་མར་ཝུན་ཙེ་ཡུན་ཧན་གོའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ས་གནས་རང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔའི་རིང་ལ། ཀྲུང་གོ་དང་ཧན་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དེར་ང་ཚོས་གཅེས་སྤྲས་བྱེད་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧན་གོས་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་འཛིན་དགོས་པ་དང་། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས། ཀྲུང་གོ་དང་ཧན་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་དེ་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པར་མ་ཟད། ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལའང་ཕན་པ་ཡོད་ཟེར།

ཝུན་ཙེ་ཡུན་གྱི་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་དངོས་གཉེར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོས་ རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་མགོ་བཏོན་པར་གཟེངས་བསྟོད་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཀྲུང་གོ་དང་ཧན་གོ་དང་བཅས་པའི་རྒྱལ་ཁབ་དང་ས་གནས་སོ་སོར་ཁེ་ཕན་ངོ་མ་སྐྲུན་པར་རེ་སྒུག་བྱས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།